པོ་ཧེ་དམག་འཁྲུག་ཁྲོད་ཀྱི་བོར་མི7500ལྷག་ད་དུང་གར་སོང་ཆ་མེད་དུ་གྱུར་ཡོད།

པོ་ཧེ་བོར་མི་ཞིབ་འཇུག་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཅིའུ་ཏི་ལིས་ཡ་ཡིས་ཚེས10ཉིན་བཤད་རྒྱུར།   མིག་སྔར་པོ་ཧེ་དམག་འཁྲུག་ཁྲོད་ཀྱི་བོར་མི7500ལྷག་ད་དུང་གར་སོང་ཆ་མེད་དུ་གྱུར་ཡོད་ཟེར།

ཅི་ཏི་ལི་ཡ་ཡིས་བཤད་རྒྱུར།      པོ་ཧེ་དམག་འཁྲུག་ཁྲོད་ཁྱོན་སྡོམ་མི་ཁྲི་གསུམ་དང་སྟོང་ལྔ་ལྷག་གར་སོང་ཆ་མེད་དུ་གྱུར་བ་དང་།   མིག་སྔར་ཧ་ལམ་བརྒྱ་ཆའི་བརྒྱད་ཅུ་ལྷག་གི་པུར་རུས་རྙེད་ཡོད་པ་མ་ཟད་ཐོབ་ཐང་གཏན་ཁེལ་ཀྱང་བྱས་ཟིན།      འོན་ཀྱང་ལོ་སུམ་ཅུ་ལྷག་འགོར་ཡོད་པས།    ལག་རྩལ་དང་ཆེད་ལས་ཀྱི་ངོས་ནས་ལོ་དུ་མའི་སྔོན་གྱི་སྲུང་སྐར་པར་རིས་ལ་འགྲེལ་བཤད་རྒྱུར་དཀའ་ཁག་ཆེན་པོ་ཡོད་ལ། དེས་བོར་མི་འཚོལ་བའི་བྱ་བ་ཇེ་དལ་དུ་བཏང་ཡོད།   མོས་བཤད་རྒྱུར།   བོར་མི་དེ་དག་རྙེད་རྟོགས་བྱུང་ན་ད་བཟོད་ལོ་རྒྱུས་ཀྱི་རྨ་ཁ་གསོ་ཐུབ་ལ་དོན་དམ་གྱི་ཞི་བདེ་གླིང་ཆོག་ཟེར།

ཞིབ་འཇུག་ཁང་དེས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲི་ལེ་ཐོ་བེ་ཆི་ཡིས་སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོས་བོར་མི་འཚོལ་ཞིབ་ལ་རོགས་རམ་ཐུབ་པའི་གནས་ཚུལ་གང་རུང་འདོན་སྤྲོད་བྱེད་པར་འབོད་སྐུལ་བྱས་ནས།   ཁྱིམ་ཚང་དེ་དག་ལ་སྔ་མོ་ནས་སེམས་གསོ་ཡོང་བར་རོགས་སྐྱོར་བྱས།

1992ལོར་པོ་ཧེ་རང་བཙན་བྱས་རྗེས།  མངའ་ཁོངས་ནང་གི་སེར་ཝེ་ཡ་རིགས་དང་།  ཁི་ལོ་ཏི་ཡ་རིགས།  མུའུ་སི་ལིན་ཕྱོགས་གསུམ་གྱིས1992ལོ་ནས1995ལོའི་བར་རྒྱལ་ཁབ་ཀྱི་མདུན་ལམ་དང་མངའ་ཁོངས་དབྱེ་འབྱེད་ལ་དམིགས་ནས་ནང་འཁྲུག་བསླང་སྟེ།  ཁྱོན་སྡོམ་མི་འབུམ་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་།  ཧ་ལམ་མི་ས་ཡ་གཉིས་ལྷག་གནས་མེད་ཡུལ་གྱར་དུ་གྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号