སི་རི་ཡའི་སྡོད་དམངས་ཐོག་ཁང་ཞིག་ལ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས།

སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས10ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ས་ཏ་མ་ཧྲི་ཀའི་ལྷོ་ཕྱོགས་ཀྱི་སེ་དབྱི་ཏེ་ཙེ་ན་པེ་ས་ཁུལ་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་བཏང་ཞིང་། མི་ཉི་ཤུ་རྨས་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ས་གནས་དེའི་དུས་ཚོད་ལྔའི་སྟེང་། དབྱི་སི་རལ་གྱིས་བདག་བཟུང་བྱས་པའི་ཀི་ལན་མཐོ་སའི་ཕྱོགས་ནས་སེ་དབྱི་ཏེ་ཙེ་ན་པེ་ས་ཁུལ་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། བུད་མེད་དང་བྱིས་པ་འདུ་བའི་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཅིང་། འཇབ་རྒོལ་ལས་རྒྱུ་ནོར་གྱོང་གུད་བཟོས་ཡོད་ཟེར།

ས་ཁུལ་དེའི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་ཐེབས་རྗེས། རྐྱེན་ལམ་དུ་ཤོར་བའི་མི་གསུམ་གྱི་བེམ་པོ་ས་གནས་དེའི་སྨན་ཁང་དུ་བསྐྱལ་ཟེར།

གཞན་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་བཙུགས་པའི་སི་རི་ཡའི་མི་དབང་ཞིབ་བཤེར་རྩ་འཛུགས་ཀྱི་གནས་ཚུལ་གཞིར་བཟུང་ན། དབྱི་སི་རལ་གྱི་འཇབ་རྒོལ་དེ་སྡོད་དམངས་ཐོག་ཁང་གི་འགྲུལ་ཁང་ཞིག་ལ་འཁེལ་བ་དང་། དམིགས་འབེན་ནི་འགྲུལ་ཁང་དེའི་ནང་སྡོད་པའི་མི་སྣ་རེད་ཟེར། གནས་ཚུལ་དེ་ལས། ལེ་པ་ནོན་གྱི་ཁྱིམ་ཚང་དང་ཀྲིན་ཀྲུའུ་ཏང་གི་ཁོངས་མི་ཁ་ཤས་ཤིག་ཀྱང་སྡོད་དམངས་ཐོག་ཁང་དེའི་ནང་བསྡད་ཡོད་ཟེར།

2011ལོར་སི་རི་ཡར་དམག་འཁྲུག་བྱུང་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་རྡུང་རྡེག་གཏོང་རྒྱུར་ཁ་གཡར་ཏེ་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། སི་རི་ཡ་དང་དབྱི་ལིང་སྲིད་གཞུང་ཕྱོགས་གཉིས་ཀྱིས་སི་རི་ཡའི་ནང་ཁུལ་དུ་དབྱི་ལིང་གི་དམག་དཔུང་བཅའ་སྡོད་བྱས་པ་ཁས་ལེན་མ་བྱས། ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་བ་གསར་བ་བྱུང་རྗེས། དབྱི་སི་རལ་གྱིས་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱེད་ཚད་སྔར་ལས་ཇེ་མང་དུ་གྱུར་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号