ཐན་ཙན་ནི་ཡའི་ཡུལ་སྐོར་དཔོན་རིགས་ཀྱིས་ཐན་ཙན་ནི་ཡར་ཡུལ་སྐོར་བྱེད་པའི་ཀྲུང་གོ་པའི་མི་གྲངས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པར་བཤད།

ཚེས4ཉིན།   ཐན་ཙན་ནི་ཡའི་རང་བྱུང་ཐོན་ཁུངས་དང་ཡུལ་སྐོར་པུའུ་ཡི་རྒྱུན་ལས་དྲུང་ཡིག་ཧ་སང·ཨ་པ་ཞི་ཡིས་ཉེ་བའི་ལོ་གཉིས་ཀྱི་ནང་དུ། ཐན་ཙན་ནི་ཡར་ཡུལ་སྐོར་དུ་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་པའི་གྲངས་ཀ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ཟེར།

ཨ་པ་ཞི་ཡིས་བསྟན་དོན།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།  ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཀྲུང་གོའི་ཡུལ་སྐོར་པ་ཁྲི5ལྷག་ཙམ་ཐན་ཙན་ནི་ཡར་ཡུལ་སྐོར་དུ་ཡོང་བ་དང་། 2023ལོར་མི་གྲངས་ཁྲི4་ལྷག་ཟིན་པ་དེ2018ལོའི་མི་གྲངས་ཁྲི3ལྷག་དང་བསྡུར་ན་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ཟེར།

ཨ་པ་ཞི་ཡིས་བསྟན་དོན།  ཐན་ཙན་ནི་ཡ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཡུལ་སྐོར་ཁྲོམ་ར་ཧུར་ཐག་གིས་གསར་འབྱེད་བྱས་ནས་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་ཁྲོད། ཀྲུང་གོའི་གྲོང་ཁྱེར་གཙོ་བོར་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་བསྡུ་བ་ལས་གཞན་ད་ལོ་རྒྱལ་ཁབ་ཀྱི་ཡུལ་སྐོར་དྲིལ་བསྒྲགས་པར་གཞི《ཡིད་དབང་འཕྲོག་པའི་ཐན་ཙན》ཞེས་པ་ཁྱབ་གདལ་གཏོང་རྒྱུ་ཡང་འདུས་ཡོད་ཟེར།  

ཨ་པ་ཞི་ཡིས་བསྟན་དོན།  ཐན་ཙན་ནི་ཡར་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་བརྗིད་ཆགས་ཡིད་དུ་འོང་བའི་ཡུལ་ལྗོངས། ངོ་མཚར་ཆེ་བའི་རི་སྐྱེས་སྲོག་ཆགས། དེ་མིན་མགྲོན་བསུ་ཆེ་བའི་མང་ཚོགས་བཅས་ཡོད་པ་དང་།  མཛེས་ལྗོངས་གྲགས་ཅན་ལ་མི་རྣམས་ཧང་སངས་དགོས་པའི་སའེ་ལུན་ཀའེ་ཏི་རྒྱལ་ཁབ་སྤྱི་གླིང་དང་འཛམ་གླིང་སྟེང་སྐད་གྲགས་ཆོད་པའི་ཆི་ལི་མ་ཀྲ་ལུའོ་རི་བོ་སོགས་ཡོད། ཐན་ཙན་ནི་ཡས་ཀྲུང་གོའི་ཡུལ་སྐོར་པར་བརྗེད་པར་དཀའ་བའི་ཡུལ་སྐོར་ཉམས་ལེན་བྱ་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号