ཧན་ཀྲིན་གྱིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཐུག་འཕྲད་གནང་བ།

པར་འདི་ནི་ཟླ9པའི་ཚེས4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཧྥུའུ་ལ་ཏི་ཨའོ་སི་ཐའོ་ཁེ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

ཟླ9པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཧྥུའུ་ལ་ཏི་ཨའོ་སི་ཐའོ་ཁེ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཐུག་འཕྲད་གནང་། 

ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་སྟེང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཆུ་ཚད་མཐོན་པོས་རྒྱུན་མཐུད་འཁོར་སྐྱོད་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ནུས་པ་དང་དེའི་ཤུགས་རྐྱེན་ལ་ཚད་མཐོའི་གདེང་འཇོག་བྱེད་པ་དང་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་གསར་སྤེལ་མཉམ་ལས་ལ་ཧུར་ཐག་སྒོས་རྒྱབ་སྐྱོར་བྱས་ཤིང་། ཨུ་རུ་སུ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གྲུབ་འབྲས་སྔར་བས་མང་བ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཐོབ་པར་བྱས་ནས་དུས་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན།

ཕུའུ་ཅིང་གིས། ཧན་ཀྲིན་ཨུ་རུ་སུར་ཕེབས་ཏེ་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དགུ་པའི་ནང་ཞུགས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས། ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་ཤོས་སུ་སླེབས་ཡོད་པས། ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་སོགས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྔར་བས་མང་བ་འཚོལ་ཞིབ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号