ཚའེ་ཆི་ཡིས་སིང་ག་ཕོར་མི་དམངས་ལག་བསྟར་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས9ཉིན་པེ་ཅིང་དུ། སིང་ག་ཕོར་མི་དམངས་ལག་བསྟར་ཏང་ཀྲུང་དབྱང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཀྲང་ཝའེ་ཝུན་གྱིས་སྣེ་ཁྲིད་པའི་མི་དམངས་ལག་བསྟར་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སིང་ག་ཕོར་གྱི་འགོ་ཁྲིད་པ་ཐུག་འཕྲད་ཐེངས་མང་གནང་ནས། འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་འཆར་འགོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱོགས་ཡོངས་དང་སྤུས་ཚད་མཐོ་བ། རྒྱང་ལྟའི་རང་བཞིན་བཅས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀའི་ཏང་གཉིས་བར་གྱི་འབྲེལ་བ་ནི། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ད་ལོར་ཏང་གཉིས་ཀའི་བར་ལམ་སྲོལ་ཅན་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་ནས། ཕྱོགས་གཉིས་ཀའི་འབྲེལ་བ་ཡི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཏང་གཉིས་ཀས་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་བྱེད་རྒྱུ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ཝའེ་ཝུན་གྱིས་སིང་ག་ཕོར་དང་ཀྲུང་གོའི་ཏང་གཉིས་ནི། རྒྱལ་ཁབ་བཙུགས་པའི་ཚུན་ལ་དུས་ཡུན་རིང་པོར་སྲིད་བཟུང་བའི་སྲིད་ཏང་གཉིས་ཡིན་པ་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐུན་མོང་གི་འདུ་ཤེས་ཡོད་ལ་འདྲ་མཚུངས་ཀྱི་འགྲན་སློང་ཡང་གནས་ཡོད། ཏང་གཉིས་བར་ལམ་སྲོལ་ཅན་གྱི་འགྲོ་འོང་བྱས་པ་བརྒྱུད། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་སྔར་ལས་ཟབ་སྤེལ་བཏང་སྟེ། སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་ཁྱོན་ཡོངས་ནས་ཟབ་སྤེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号