ནི་ཀྲི་རི་ཡའི་དབུས་རྒྱུད་དུ་སྣུམ་འདྲུད་རླངས་འཁོར་ཞིག་གས་གཏོར་མེ་སྐྱོན་བྱུང་བ་ལས་མི48ཚེ་ལས་འདས་པ།

སྣུམ་འདྲུད་རླངས་འཁོར་ཞིག་ཚེས8ཉིན་ནི་ཀྲི་རི་ཡའི་དབུས་རྒྱུད་ཀྱི་ནི་རི་ཨར་མངའ་སྡེ་རུ་འདྲུད་འཁོར་ཞིག་དང་གདོང་ཐུག་རྒྱབ་པ་ལས་གས་གཏོར་མེ་སྐྱོན་བྱུང་སྟེ་མི48ཚེ་ལས་འདས། 

ནི་ཀྲི་རི་ཡ་མངའ་སྡེའི་བྲེལ་མྱུར་དོ་དམ་ཅུའུ་ཡི་འགན་འཁུར་བ་ཨ་པུའུ་ཏུའུ་ལ·པ་པ-ཨ་ལ་ཡིས་སྨྱན་སྦྱོར་ཁག་ལ། སྣུམ་འདྲུད་རླངས་འཁོར་དེ་མངའ་སྡེ་དེའི་པི་ཏ-ཨ་གའེ-ལ་ཕ་དབྱི་མྱུར་བགྲོད་གཞུང་ལམ་སྟེང་བསྐྱོད་སྐབས། ལྡོག་ཕྱོགས་ནས་ཡོང་བའི་འགྲུལ་འཁོར་ཞིག་དང་བ་གླང་འདྲུད་ཡོད་པའི་རླངས་འཁོར་ཞིག་ལ་གདོང་ཐུག་བརྒྱབ་པ་ལས་གས་གཏོར་མེ་སྐྱོན་བྱུང་བར་བཤད།

པ་པ-ཨ་ལ་ཡིས། རླངས་འཁོར་གཞན་པ་གཉིས་ལའང་མེ་སྐྱོན་བྱུང་ཡོད་ལ། ཐེངས་འདིའི་དོན་རྐྱེན་ལས་མི48ཚེ་ལས་འདས་པ་དང་། ཉུང་མཐར་ཡང་བ་གླང50བསད་པ་རེད། འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པའི་སྒང་ཡིན་པར་བཤད།

འགྲོ་ལམ་མི་བཟང་བ་དང་ཐེག་ཚད་ལས་བརྒལ་བའམ་མྱུར་ཚད་ལས་བརྒལ་བ་སོགས་ཀྱིས་ནི་ཀྲི་རི་ཡ་རུ་འགྲིམ་འགྲུལ་དོན་རྐྱེན་ཐེངས་མང་བྱུང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号