སུ་རུ་ཡའི་དམག་ཕྱོགས་ཀྱིས་སུ་རུ་ཡར་དབྱི་སི་རལ་མཁའ་དམག་གི་འཇབ་རྒོལ་ཐེབས་པ་ལས་མི3ཚེ་ལས་འདས་པ་དང་མི15ལ་རྨས་སྐྱོན་ཐེབས་ཡོད་པར་བཤད།

སུ་རུ་ཡའི་དམག་ཕྱོགས་ཀྱིས་ཚེས9ཉིན་གྱི་ཐོ་རེངས་སྐབས་གསལ་བསྒྲགས་སྤེལ་ཏེ། སུ་རུ་ཡའི་དབུས་རྒྱུད་ཀྱི་དམག་དོན་ས་ཚིགས་མང་པོ་ལ་ཚེས9ཉིན་གྱི་དགོང་མོར་དབྱི་སི་རལ་མཁའ་དམག་གི་འཇབ་རྒོལ་ཐེབས་པ་ལས་མི3ཚེ་ལས་འདས་པ་དང་མི15ལ་རྨས་སྐྱོན་ཐེབས་ཡོད་པར་བཤད། 

གསལ་བསྒྲགས་ནང་། ས་དེའི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད23དང་སྐར་མ20ཡས་མས་ལ། དབྱི་སི་རལ་གྱིས་ལི་པ་ནོམ་གྱི་ནུབ་བྱང་ཕྱོགས་ནས་སུ་རུ་ཡའི་དབུས་རྒྱུད་ས་ཁུལ་དུ་ཡོད་པའི་དམག་དོན་ས་ཚིགས་མང་པོར་མཁའ་རྒོལ་བྱས་ཏེ། མི3བསད་པ་དང་མི15ལ་རྨས་སྐྱོན་བཟོས་ཡོད་ཅེས་བཤད། 

གཞན་ཡང་སུ་རུ་ཡའི་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། སུ་རུ་ཡའི་དབུས་རྒྱུད་ཀྱི་ཧ་མ་ཞིང་ཆེན་མའེ་སི་ཡ་ཧྥུའུ་ས་ཁུལ་དུ་ཚེས8ཉིན་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་པ་རེད། གསར་འགྱུར་ནང་ས་གནས་དེ་གའི་སྨན་ཁང་གི་འགན་འཁུར་མི་སྣས་སྐད་ཆ་དྲངས་པ་ལྟར་ན། འཇབ་རྒོལ་ཁྲོད་མི5ཚེ་ལས་འདས་ཤིང་མི19ལ་རྨས་སྐྱོན་ཐེབས་པ་དང་། རྨས་མའི་གནས་ཚུལ་ཅུང་ཚབ་ཆེན་ཡིན་པར་བཤད། གསར་འགྱུར་ནང་། ཐེངས་འདིའི་འཇབ་རྒོལ་ཁྲོད་ས་གནས་དེའི་གཞུང་ལམ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པ་དང་ས་ཁོངས་ཤིག་ལ་མེ་སྐྱོན་བྱུང་ཡོད་པ་རེད། 

2011ལོར་སུ་རུ་ཡའི་ནང་འཁྲུག་བྱུང་རྗེས། དབྱི་སི་རལ་དམག་དཔུང་གིས་ཐེངས་མང་པོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་གཏོར་བར་ཁ་གཡར་ཏེ་སུ་རུ་ཡ་རུ་ཡོད་པའི་དམིགས་འབེན་ལ་མཁའ་རྒོལ་བྱས། སུ་རུ་ཡ་དང་དབྱི་ལིང་སྲིད་གཞུང་ཚང་མས་སུ་རུ་ཡ་རུ་དབྱི་ལིང་གི་དམག་དཔུང་བཅའ་སྡོད་བྱས་ཡོད་པ་ཁས་ལེན་བྱེད་ཀྱིན་མེད། ན་ནིང་གི་ཟླ10པར་ཕ་དབྱི་འགལ་འདུ་རབས་གསར་བ་བྱུང་རྗེས། དབྱི་སི་རལ་གྱིས་སུ་རུ་ཡའི་མངའ་ཁོངས་སུ་ཡོད་པའི་དམིགས་འབེན་ལ་སྔར་ལས་འཇབ་རྒོལ་མང་པོ་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号