ཀུའོ་ཤིའུ་ལིང་། ཧྲང་ཧའེ་ཡི་བཟོ་བོ་དང་ཧྲང་ཧའེ་གྲོང་ཁྱེར་གྱི་སྤུས་ཚད་གསེར་གྱི་རྟགས་མ། ཧྲང་ཧའེ་ལྔ་གཅིག་ངལ་རྩོལ་བྱ་དགའ་བཅས་ཐོབ་མཁན།

“རྒྱལ་རྩེའི་སྣམ་བ་”ནི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཅིག་ཡིན་ཞིང་། ལུག་གི་ཨོག་བལ་འཇམ་པོ་རྒྱུ་ཆར་བྱས་ནས་གཙང་འཁྲུད་དང་། བལ་རྒྱུ་གསེད་པ། ཚོས་རྒྱག་པ། བལ་འཁེལ་བ་སོགས་ཀྱི་གོ་རིམ་མང་པོ་བརྒྱུད་རྗེས། གཞི་ནས་ཚོན་མདངས་རྣམ་པར་བཀྲ་ཞིང་རི་མོ་ཕུན་སུམ་ཚོགས་པའི་སྣམ་བུའི་ཐོན་རྫས་རེ་རེ་བཞིན་གྲུབ་ཀྱི་ཡོད། སྤྱིར་བཟོ་པ་ཚོས་གཟའ་འཁོར་གཅིག་ལྷག་གི་དུས་ཚོད་དང་ཐ་ན་དེ་བས་རིང་བའི་དུས་ཚོད་སྤྱད་དེ་མི་རིགས་ཀྱི་ཁྱད་ལྡན་སྒྱུ་རྩལ་ཐོན་རྫས་དེ་འདྲ་ཞིག་ལེགས་སྒྲུབ་བྱེད་ཀྱི་ཡོད་ཅིང་། དེ་ནི་བཟོ་པ་ཚོའི་སེམས་ཤུགས་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན།


ད་ལོའི་སྤྱི་ཟླ་དང་པོར་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ60འཁོར་བའི་སྐབས་སུ། ཧྲང་ཧའེ་ཡི་ལག་ཤེས་པ་ཀུའོ་ཤིའུ་ལིང་གིས་སྣམ་བུའི་ལག་ཤེས་པ་སྐལ་བཟང་དང་རྒྱལ་རྩེའི་ཁུ་ལུའི་ཐོན་རྫས་འཁྱེར་ནས་ཕ་རི་སིའི་དར་སྲོལ་ཁྱིམ་ཆས་ཇུས་འགོད་འགྲེམས་སྟོན་ལ་ཞུགས་པར་ཕྱི་རྒྱལ་ཚོང་པའི་བསྔགས་བརྗོད་ཐོབ་ཡོད། ཉེ་ཆར་ཀུའོ་ཤིའུ་ལིང་ད་དུང་ཉིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་སྒོར་ཞུགས་ཏེ་འཛམ་གླིང་ཡོངས་ལ་སྤུས་ཚད་ལེགས་པའི་རྒྱལ་རྩེའི་ཁུ་ལུའི་ཐོན་རྫས་འགྲེམས་སྟོན་བྱ་རྒྱུ་རེད།

ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་མཉམ་འབྲེལ་ཚོ་ཆུང་དང་རྒྱལ་རྩེ་རྫོང་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བའི༼གངས་ལྗོངས། ཨ་ལན༽ཞེས་པའི་སྲོལ་རྒྱུན་རྒྱན་གོས་བཟོ་རྩལ་དར་སྲོལ་ཤོམ་འགྲོ།

ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་མཉམ་འབྲེལ་ཚོ་ཆུང་དང་རྒྱལ་རྩེ་རྫོང་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བའི༼གངས་ལྗོངས། ཨ་ལན༽ཞེས་པའི་སྲོལ་རྒྱུན་རྒྱན་གོས་བཟོ་རྩལ་དར་སྲོལ་ཤོམ་འགྲོ།

ཀུའོ་ཤིའུ་ལིང་ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བ་དང་བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་བྱེད་སྐབས་ཁོང་གིས་བརྗེད་པར་དཀའ་བ་ནི་བལ་འཐག་གྱོན་གོས་ཀྱི་དྲོ་སྐྱིད་དེ་རེད། ཁོས་འབྲོག་པ་ནི་ཕྱིང་པ་དང་འབྲེལ་བ་དམ་ཟབ་ཡོད། སྟོན་དགུན་གྱི་དུས་སུ་ཕྱིང་པ་ནི་ཁྱིམ་ཚང་གི་འཁེལ་འཐག་ཐོན་རྫས་གལ་ཆེན་ཞིག་རེད་ཅེས་བརྗོད།

ཀུའོ་ཤིའུ་ལིང་དང་ཚོགས་པའི་འབད་བརྩོན་འོག་སྣམ་བུ་འཛམ་གླིང་གར་སྟེགས་ཐོག་བསྐྱོད་ཐུབ་པ་མ་ཟད། ས་གནས་དེ་གར་དངོས་དངོས་རྗེན་རྗེན་གྱི་གོང་འཕེལ་གྲུབ་འབྲས་ཀྱང་བཏོད་ཡོད། ལུག་བལ་ནས་ཁུ་ལུའི་བར་གྱི་འགྱུར་ལྡོག་གིས་ཐོན་རྫས་ཀྱི་སྤུས་ཀ་སྔར་བས་འཇམ་ཞིང་ཞིབ་པར་བསྒྱུར་བ་དང་། བཟོ་རྩལ་ནས་ཇུས་འགོད་ཕྱོགས་ཀྱི་འགྱུར་ལྡོག་གིས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་འདུ་ཤེས་མཉམ་འདྲེས་ཡག་པོ་མངོན་འགྱུར་བྱུང་ཡོད། འཕྲུལ་ཆས་ནས་འཕྲུལ་འཁོར་བར་ལེགས་བཅོས་བྱས་པས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་ཐོན་རྫས་ཀྱི་སྤུས་ཚད་ཇེ་ལེགས་སུ་བཏང་ཡོད། མི་རིགས་ནས་འཛམ་གླིང་དུ་གོང་འཕེལ་བཏང་བ་དེས་སྣམ་བུ་དེ་ལག་ཤེས་ཐོན་རྫས་ནས་དར་སྲོལ་ཆེ་བའི་འཛད་རྫས་སུ་བསྒྱུར་ཏེ། རྒྱལ་ཡོངས་དང་འཛམ་གླིང་དུ་བསྐྱོད་ཐུབ་པ་བྱུང་། བཟོ་པ་ནས་བཟོ་རྩལ་པའི་བར་གྱི་འགྱུར་བས་རྒྱལ་རྩེའི་འཁལ་འཐག་བཟོ་པའི་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་ཡོད། རྒྱལ་རྩེའི་སྣམ་བུ་དེ་དེང་རབས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་སྒུལ་བྱེད་འཕྲུལ་འཁོར་གསར་པར་འགྱུར་བཞིན་པ་དང་། འབྲེལ་ཡོད་ཀུང་སིས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཚོང་གཉེར་ཡོང་འབབ་སྒོར་ཁྲི2550ཟིན་རྒྱུ་ཡིན་པ་རེད།

ཀུའོ་ཤིང་ལིང་གིས། བོད་ལྗོངས་སུ་ལས་ཀ་བྱས་ན་ལུས་ཀྱི་དཀའ་སྡུག་ཆེ་ཡང་སེམས་པ་སྐྱིད་པོ་འདུག འདི་གར་རིག་གནས་ཀྱི་མཆོག་ནོར་མཐོང་བྱུང་ལ། བོད་རིགས“ཨ་ཅག”གི་འབད་བརྩོན་མཐོང་བྱུང་། དེ་བས་ཀྱང་མི་རིགས་རིག་གནས་རྒྱུན་འཛིན་གྱི་རེ་བ་མཐོང་བྱུང་། ཏན་ཏན་ཏིག་ཏིག་ངང་ལས་ཀ་བྱས་ཚེ། ཀྲུང་གོའི་སྤུས་རྟགས་འཛམ་གླིང་གི་གར་སྟེགས་ཐོག་འགྱིང་ངེར་གནས་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号