ཀྲུང་གོའི་ལུས་རྩལ་པས་འཛམ་གླིང་གི་ཟིན་ཐོ་གསར་པ་མང་པོ་བཏོད་པ།

སྐབས་བཅུ་བདུན་པའི་དབྱར་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་འཛམ་གླིང་གི་ཟིན་ཐོ་གསར་པ་མང་པོ་བཏོད་འདུག 

ཕ་རི་སིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཉིན་དགུ་པར། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་སླར་ཡང་གསེར་གྱི་རྟགས་མ9ཐོབ་པ་མ་ཟད། འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་ཡོད།

ཆུ་རྐྱལ་འགྲན་རའི་ནང་། སྐྱེས་པའི་སྨི50ཡི་ཕྱེ་མ་ལེབ་གཤོག་བརྐྱང་གིS5རིམ་པའི་ཆུ་རྐྱལ་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་ཚང་མ་ཐོབ་པ་མ་ཟད། ཀོ་ཅིན་ཡུང་གིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ནས་གསེར་གྱི་རྟགས་མ་ཐོབ་ཡོད། རྣམ་གྲངས་དེའི་བུད་མེད་ཀྱི་ཆུ་རྐྱལ་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། ལུ་ཏུང་གིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ནས་གསེར་གྱི་རྟགས་མ་ཐོབ་ཡོད། ཀྲུང་གོའི་རུ་ཁག་ལ་ད་དུང་བུད་མེད་ཀྱི་སྨི400ཡིS6རིམ་པའི་རང་མོས་ཆུ་རྐྱལ་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་ཡོད། 

མཆོང་རྒྱུག་འཕེན་གསུམ་གྱི་འགྲན་རའི་ཐོག སྨི4×100ཡི་མཐུད་རྒྱུག་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ནས་གསེར་གྱི་རྟགས་མ་བླངས་ཡོད། 

ལྗིད་འདེགས་འགྲན་རའི་ཐོག ཐན་ཡུད་ཅའོ་ལ་བུད་མེད་ཀྱི་སྤྱི་རྒྱ67རིམ་པའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་པ་མ་ཟད། འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད། 

འཁོར་ལྡན་རྐུབ་སྟེགས་ཐོག་གི་གྲི་རྩལ་འགྲན་རའི་ཐོག ཀྲུང་གོའི་ལུས་རྩལ་པས་སྐྱེས་པ་དང་བུད་མེད་ཀྱིAརིམ་པའི་མི་སྒེར་གྱི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་བླངས་ཡོད། 

ཀྲུང་གོའི་རུ་ཁག་ལ་ད་དུང་ལོང་བའི་དྲག་རྩལ་སྦེ་གའི་འགྲན་བསྡུར་གྱི་སྤྱི་རྒྱ་བདུན་ཅུའིJ1རིམ་པ་དང་། ཕིང་ཕང་སྤོ་ལོའི་སྐྱེས་པའི་ཁེར་རྐྱང་འགྲན་བསྡུར་གྱིTT7རིམ་པའི་གསེར་གྱི་རྟགས་མ་ཐོབ་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号