རང་རྒྱལ་གྱི་མཚོ་དམག་མཉམ་འབྲེལ་དམག་སྦྱོང་འདིར་ཞུགས་རྒྱུ་ཡིན་པ།

 པར་ཙིར་དམག་དཔུང་གི་གདན་ཞུས་ལྟར། ཀྲུང་གོ་ཕྱོགས་ཀྱིས་ཉེ་དུས་མཚོ་དམག་སྐམ་འཐབ་རུ་ཁག་གི་ཡན་ལག་རུ་ཁག་པར་ཙིར་དུ་རྒྱལ་ཁབ་མང་པོའི་མཉམ་འབྲེལ་ནང་སྦྱོང་སྟེ་“ཕུའུ་མོ་སའེ་བྱ་སྤྱོད-2024”ལ་ཞུགས་པར་མངགས་རྒྱུ་རེད། ད་ཐེངས་ཀྱི་ནང་སྦྱོང་གི་བརྗོད་གཞི་ནི་“མཉམ་འབྲེལ་ཐོག་སྐམ་སར་འཛེགས་པ་དང་སྐམ་སར་འཛེགས་ནས་འགོག་རྒོལ་བྱེད་པའི་དམག་འཐབ་ནང་སྦྱོང་” བྱ་རྒྱུ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ནང་སྦྱོང་ནང་ཞུགས་མཁན་རྒྱལ་ཁབ་ཁག་གི་དམག་དཔུང་དབར་གྱི་མཛའ་གྲོགས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། བདེ་འཇགས་ཀྱི་ཉམས་ཉེན་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་ཆེད་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号