ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་ལ་གྲོས་མོལ་མཛད།

ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཕེབས་ཏེ་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་ཞུགས་པར་མ་ཟད་རྒྱལ་དོན་མཚམས་འདྲི་གནང་བའི་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝར་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཙམ་རྒྱལ་ཁབ་གཉིས་ནི་གནའ་ནས་མཛའ་བརྩེ་ཟབ་མོ་ལྡན་པ་ཞིག་ཡིན། ཉེ་བའི་ལོ་འགར། ང་ཚོ་ཐུན་མོང་གིས་སྣེ་ཁྲིད་པའི་འོག རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ནས་ཕན་ཚུན་ཡིད་ཆེས་སྒོས་མཐུད་མུར་གཏིང་ཟབ་ཏུ་ཕྱིན་པ་དང་། མཉམ་ལས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡིན་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རོགས་རེས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། སང་ལོར། རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར45ལོན་པའི་དུས་བཟང་བསུ་རྒྱུ་ཡིན། ཀྲུང་ཙམ་རྒྱལ་ཁབ་གཉིས་ཀྱིས་མཛའ་བརྩེ་ཟབ་མོ་འདི་སྔར་བས་སྲ་བརྟན་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཕྱོགས་གཉིས་ཀས་མཛའ་གྲོགས་ཀྱི་ཐོག་མའི་སེམས་འདུན་སྲུང་འཛིན་བྱས་ཏེ། ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། བདེ་འཇགས། མི་རིག་རིག་གནས། རྒྱལ་སྤྱིའི་རོགས་རེས་བཅས་གཙོ་བོ་ཡིན་པའི“ཀ་རྟེན་རྣམ་ལྔ”ཡི་མཉམ་ལས་སྒྲོམ་གཞི་བཙུགས་ཏེ། ལག་གདང་མཉམ་སྦྲེལ་གྱིས་ཆུ་ཚད་མཐོ་བའི་ཀྲུང་ཙམ་ལས་དབང་གཅིག་མཐུན་གྱི་ཚོགས་པ་འཛུགས་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཙམ་རྒྱལ་ཁབ་གཉིས་ཀྱི་ཏང་གི་འདུ་ཤེས་ཕན་ཚུན་འདྲ་ཞིང་ཕན་ཚུན་ལ་ཡིད་ཆེས་བརྟན་པོ་ཡོད་པ་འདི་ནི་ཀྲུང་ཙམ་འབྲེལ་བའི་ལེགས་ཆ་ཆེ་ཤོས་དེ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཙམ་པབ་ཝེ་རྒྱལ་ཁབ་ཕྱོགས་ཀྱིས་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཏེ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་ཁྲིམས་འགལ་བཀག་སྡོམ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཙམ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཙམ་པབ་ཝེ་རྒྱལ་ཁབ་དང་མཉམ་དུ་མཐུད་སྦྲེལ་འཕེལ་རྒྱས་འཐབ་ཇུས་གཏིང་ཟབ་ཏུ་གཏོང་བ་དང་། དངུལ་གཏོང་དང་ཉོ་ཚོང་། རྨང་གཞིའི་སྒྲིག་བཀོད། ནུས་ཁུངས་གཏེར་ཐོན། ནུས་ཁུངས་གཙང་མ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་གཉིས་ཕན་མཉམ་ལས་བྱས་ཏེ། ཀྲུང་ཧྥེ་ཕན་ཚུན་མཐུད་སྦྲེལ་དང་ཤར་གཏོང་ཐུབ་པའི་དྲ་རྒྱ་བཙུགས་ནས། ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁས་རང་བདག་འཕེལ་རྒྱས་ནུས་པ་མཐོ་རུ་གཏོང་བར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཙམ་པབ་ཝེའི་ཕུལ་བྱུང་སློབ་མ་ཀྲུང་གོར་སློབ་གཉེར་དུ་ཡོང་བར་བྱ་དགའི་མ་དངུལ་འདོན་སྤྲོད་བྱས་ཏེ། དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཙམ་པབ་ཝེ་ཕྱོགས་ནས་ཀྲུང་གོས་བཏོན་པའི་སའི་གོ་ལ་ཡོངས་ཀྱི་གྲོས་འགོ་དང་ལངས་ཕྱོགས་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་པར་བསྟོད་བསྔགས་བྱ་རྒྱུ་དང་། ཙམ་པབ་ཝེ་རྒྱལ་ཁབ་ཀྱིས་ལྷོ་རྒྱུད་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྟེན་འབྲེལ་ཞུ་བ་དང་། ཙམ་པབ་ཝེ་རྒྱལ་ཁབ་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་སྟེ། ལག་རྡང་མཉམ་སྦྲེལ་གྱིས་རྒྱལ་སྤྱིའི་འདྲ་མཉམ་དང་དྲང་གཞག་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

མུའུ་ན་ཅ་ཀུའུ་ཝ་ཡིས་བསྟན་དོན། ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱེད་རིང་། ངས་ཧུའུ་ནན་དང་ཧྲེན་ཀྲེན། ནན་ཅིན་བཅས་ལ་འཚམས་འདྲི་བྱས་ཤིང་། ང་ལ་སྐུལ་ལྕག་ཟབ་མོ་ཐེབས་ཤིང་བློ་སྒོ་བཟང་པོ་འབྱེད་ཡོང་བ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོས་རླབས་ཆེ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད་ཅིང་། ཀྲུང་གོའི་ལག་རྩལ་དང་ཁེ་ལས་ཧ་ཅང་མང་པོ་ཞིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་འདུག ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་བསྒྱུར་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེས། ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་སྔར་ལས་འཕེལ་བར་མ་ཟད། སའི་གོ་ལ་ཡོངས་ཀྱི་ལྷོ་ཕྱོགས་དང་ཐ་ན་མིའི་རིགས་ཀྱི་མ་འོངས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། ཀྲུང་གོའི་ཕྱོགས་ཀྱིས་ཙམ་པབ་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཏེ་པྲོག་གསར་རིམས་ནད་ལ་རྒོལ་བར་རྒྱབ་སྐྱོར་མི་དམན་པ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་ཀྱིས་རོགས་རམ་གནང་བ་དང་ཀྲུང་གོར་མཉམ་ལས་བྱས་པ་ལས་ཙམ་པབ་ཝེའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། དུས་རབས་གསར་པའི་ཙམ་ཀྲུང་མཛའ་བརྩེའི་མིང་བྱང་གསར་པ་རེ་རེ་བསྐྲུན་ཡོད། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་སྐྱོང་ཏང་སྐྱོང་གི་ཉམས་མྱོང་བརྗེ་རེས་དང་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས། གཏེར་ཐོན། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ནས་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ཏེ། ཙམ་པབ་ཝེ་དེང་རབས་ཅན་དུ་བསྒྱུར་བའི་འཕེལ་རིམ་ལ་རོགས་འདེགས་བྱེད་འདོད་ཡོད། ཙམ་པབ་ཝེ་ཕྱོགས་ནས་ཀྲུང་གོས་རྒྱལ་སྤྱིའི་ཚོགས་ར་ཆེན་མོར་ཙམ་པབ་ཝེའི་དོན་དུ་བདེན་འཛིན་དྲང་གཏམ་བཤད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཝུའུ་ཁོ་ལན་འཇིག་ཉེན་དང་ཕ་ཁི་སི་ཐན་དང་དབྱིག་རལ་བར་གྱི་འགལ་རྩོད་སོགས་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཐད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་ཐོན་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་སའི་གོ་ལའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐའ་མང་རེགས་རེས་དམ་ཟབ་བྱེད་འདོད་ཡོད། ཙམ་པབ་ཝེ་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱ་རྒྱུ་དང་། མུ་མཐུད་དུ་ཀྲུང་གོ་ནི་ལྷོ་རྒྱུད་ཨ་ཧྥེ་རི་ཁའི་གྲོགས་པོ་བཟང་པོ་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཙམ་ཀྲུང་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་བདེ་བླག་ངང་འཚོགས་ཏེ། ཧྥེ་ཀྲུང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་སུ་འགྱུར་བའི་སྨོན་འདུན་ཞུ།

གྲོས་མོལ་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་པོའི་དབུ་བཞུགས་ཀྱིས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་སྐོར་དང་། སའི་གོ་ལ་ཡོངས་འཕེལ་རྒྱས་གཏོང་བའི་གྲོས་འགོ དཔལ་འབྱོར་དང་ཉོ་ཚོང་བརྗེ་རེས་མཉམ་ལས་བྱེད་པ། ཤིང་ཏོག་ཨི་ལི་ཀྲུང་གོར་འདྲེན་པ། གསར་འགྱུར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་བྱས།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཙམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་འཐབ་ཇས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་གཏིང་ཟབ་དང་མཐོར་འདེགས་བཏང་སྟེ། ཆུ་ཚད་མཐོ་བའི་ཀྲུང་ཙམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཞེེས་པ་སྤེལ།

གྲོས་ཚོགས་ཀྱི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མུའུ་ནན་ཅ་ཀུའུ་ཝར་བསུ་མ་བྱེད་པའི་མཛད་སྒོ་བསྡུས།

ཝང་དབྱི་གོང་གི་བྱ་འགུལ་ནང་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号