ས་ཨར་ཝ་ཏུའོ་ལྷོ་རྒྱུད་དུ་ཚད་རིམ6.1ཅན་གྱི་ས་ཡོམ་བྱུང་བ།

ཧྲེང་ས་ཨར་ཝ་ཏུའོ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ8པའི་ཚེས28ཉིན་ས་ཨར་ཝ་ཏུའོ་ཁོར་ཡུག་སྡེ་ཁག་གིས་སྤྱི་འབྲེལ་སྨྱན་བྱད་བརྒྱུད་དེ། རྒྱལ་ཁབ་དེའི་ལྷོ་རྒྱུད་མཚོ་ཁོངས་སུ་ཉིན་དེར་ཚད་རིམ6.1ཅན་གྱི་ས་ཡོམ་བྱུང་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་སྙན་ཞུ་འབྱོར་མེད།

སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ནི་ས་གནས་དེའི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད15དང་སྐར་མ57(པེ་ཅིན་གྱི་དུས་ཚོད་ཚེས29ཉིན་གྱི་ཆུ་ཚོད5དང་སྐར་མ57)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་ལྷོ་རྒྱུད་ཀྱི་ལི་པའོ་ཨར་ཐ་ཏེ་ཞིང་ཆེན་སྨི་ས་ཐ་མཚོ་འགྲམ་ལྷོ་ཕྱོགས་ཀྱི་སྤྱི་ལེ70ཡི་མཚོ་ཁོངས་སུ་གནས་ཤིང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ13རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号