ཨུ་རུ་སུས་ཨ་རིའི་སྤྱི་དམངས92རྒྱལ་ཁོངས་སུ་ཡོང་བར་གཏན་འགོག་བྱས་པ།

ཟླ8པའི་ཚེས28ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ཏེ། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རིའི་སྤྱི་དམངས92རྒྱལ་ཁོངས་སུ་ཡོང་བར་གཏན་འགོག་བྱས་ཡོད་པར་བཤད།

གསལ་བསྒྲགས་ནང་། བྱེད་ཐབས་འདི་ནི་ཨ་རིའི་པའེ་ཏེང་སྲིད་གཞུང་གིས་དུས་ཡུན་རིང་བོ་ཨུ་རུ་སུར་ངོ་རྒོལ་བྱེད་པའི་སྲིད་ཇུས་ཁྱབ་གདལ་བཏང་བར་ལན་སློག་པ་ཡིན་པར་བཤད། ཨ་རི་ཕྱོགས་ཀྱིས་ཨུ་རུ་སུའི་སྲིད་ཕྱོགས་ལས་རིགས་དང་ཁེ་ལས་ལས་རིགས། ཚན་རིག་རིག་གནས་ལས་རིགས་ཀྱི་མི་སྣ། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་ལ་དུས་དང་རྣམ་པ་ཀུན་ཏུ"ས་གདན་རྣམ་པའི"བཀག་སྡོམ་བྱས།

ཨུ་རུ་སུར་འཛུལ་མི་ཆོག་པའི་མི་སྣའི་མིང་ཐོ་ནང་ཨ་རིའི་ཁྲིམས་འཛིན་སྒྲིག་གཞི་དང་གསང་འཕྲིན་སྡེ་ཁག དམག་བཟོ་ཕྱོགས་བསྡུས་སྒྲིག་གཞི། དངུལ་རྩའི་སྒྲིག་གཞི་བཅས་ཀྱི་འགན་འཁུར་བ་སྟེ་ཨ་རིའི་བར་སྣང་དམག་སྤྱི་ཁང་གི་དམག་སྤྱི་སི་ཏི་ཧྥུན·ཧོའེ་ཐིང་སོགས་ཚུད་ཡོད་པ་རེད། དེ་མིན་ཨ་རིའི《ཧྥ་ཨར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར》《ཉིའུ་གཡོད་སྐབས་དོན་ཚགས་པར》སོགས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་མང་པོ་ཞིག་ཀྱང་མིང་ཐོའི་ནང་ཚུད་ཡོད་པ་རེད། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས། རྩོམ་སྒྲིག་པ་དང་གསར་འགོད་པ་འདི་དག་གིས"ཨུ་རུ་སུ་དང་ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་གསར་འགྱུར་རྫུན་མ་བཟོས་བ་དང་བརྒྱུད་བསྒྲགས་བྱེད་པའི་ལས་དོན་ནང་ཞུགས་པ་མ་ཟད། ཨ་རིས"མཉམ་བསྲེས་དམག་འཁྲུག"སྤེལ་བའི་ངོ་བོ་གཡོ་འགེབས་བྱེད་རྩིས་ཡོད་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号