ཝེ་ནེ་ཙུའེ་ལའི་ཙུང་ཐུང་གིས་ནང་བློན་ཁང་བསྐྱར་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

ཟླ8པའི་ཚེས27ཉིན། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་ཡིས་ནང་བློན་ཁང་བསྐྱར་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་རྡོ་སྣུམ་པུའུ་ཡི་པུའུ་ཀྲང་དང་རྒྱལ་ཁབ་བཟོ་ལས་དང་ཐོན་སྐྱེད་པུའུ་ཡི་པུའུ་ཀྲང་སོགས་པུའུ་ཀྲང16ལ་འགྱུར་ལྡོག་བྱུང་ཡོད་པ་རེད།

མ་ཏུའུ་ལུའོ་ཡིས་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་བརྒྱུད་དེ། རྒྱལ་ཁབ་ལ་མཁོ་བའི་འཕོ་འགྱུར་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་ཆེད། སྲིད་གཞུང་གི་པུའུ་ཀྲང་གི་ལས་གནས་ཕྱེད་ཙམ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། དེའི་ཁྲོད་ཙུང་ཐུང་གཞོན་པ་ཟུར་པའམ་དཔལ་འབྱོར་དང་ནོར་སྲིད།ཕྱི་ཕྱོགས་ཚོང་དོན་བཅས་ཀྱི་པུའུ་ཀྲང་གི་འགན་གཅིག་ལྕོགས་འཁུར་བའི་ལུའོ་ཏེ་ལི་ཀེ་སིས་ཙུང་ཐུང་གཞོན་པའམ་རྡོ་སྣུམ་པུའུ་ཀྲང་གི་འགན་གཅིག་ལྕོགས་འཁུར་རྒྱུ་དང་རྡོ་སྣུམ་པུའུ་ཀྲང་ཟུར་པ་ཐེ་ལེ་ཆེ་ཡ་རྒྱལ་ཁབ་བཟོ་ལས་དང་ཐོན་སྐྱེད་པུའུ་ཡི་པུའུ་ཀྲང་ལ་བསྐོས་པ་རེད།

གཞན་ཡང་མ་ཏུའུ་ལུའོ་ཡིས་ད་དུང་ཨའེ་ཁེ་ཐུ་ཨར·ཨའོ་ཧྥུའུ་ལུའེ་ཀུང་ལ་ཝེ་ནེ་ཙུའེ་ལའི་རྡོ་སྣུམ་ཀུང་སིའི་སྤྱི་ཁྱབ་འགན་འཛིན་པ་བསྐོ་རྒྱུའི་ཁྱབ་བསྒྲགས་བྱས།

ཝེ་ནེ་ཙུའེ་ལས་ཟླ7པའི་ཚེས28ཉིན་ཙུང་ཐུང་འདེམས་བསྐོ་བྱས་ཤིང་ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཕྱི་ཉིན་ཐོ་རེངས་སྐབས་མ་ཏུའུ་ལུའོ་འདེམས་བསྐོ་ཁྲོད་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས། ཟླ8པའི་ཚེས22ཉིན་ཝེ་ནེ་ཙུའེ་ལའི་ཆེས་མཐོའི་ཁྲིམས་ཁང་གིས་མ་ཏུའུ་ལུའོ་ཐེངས་འདིའི་ཙུང་ཐུང་འདེམས་བསྐོ་ཁྲོད་རྒྱལ་ཁ་ཐོབ་པ་གཏན་འཁེལ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号