ཀྲུང་གོས་ཕ་ལེ་སི་ཐན་མི་རིགས་འདུམ་འགྲིག་ཡོང་ཆེད་འབད་བརྩོན་བྱས་པར་ཨེ་ཅིབ་ཀྱིས་དགའ་བསུ་ཞུ་བཞིན་ཡོད་པ།

ཟླ7པའི་ཚེས25ཉིན། ཨེ་ཅིབ་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་དབྱི་ཏེ་ཡིས་སྤྱི་འབྲེལ་སྨྱན་སྦྱོར་སྟེང་། ཀྲུང་གོས་ཕ་ལེ་སི་ཐན་མི་རིགས་འདུམ་འགྲིག་ཡོང་ཆེད་འབད་བརྩོན་བྱས་པར་ཨེ་ཅིབ་ཀྱིས་དགའ་བསུ་ཞུ་བཞིན་ཡོད་ཚུལ་བསྟན།

ཀྲ་དབྱི་ཏེ་ཡིས། ཕ་ལེ་སི་ཐན་བའི་མཐུན་སྒྲིལ་དེ་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་ཕུགས་འདུན་མངོན་འགྱུར་འབྱུང་བར་དོན་སྙིང་གལ་ཆེན་ལྡན་པར་བཤད། 

ཀྲུང་གོ་ཕྱོགས་ཀྱི་གདན་ཞུས་ལྟར། ཕ་ལེ་སི་ཐན་གྱི་ཕྱོགས་ཁག14ཡི་མཐོ་རིམ་འཐུས་མིས་ཟླ7ཚེས21ཉིན་ནས་ཚེས23ཉིན་བར་པེ་ཅིང་དུ་འདུམ་འགྲིག་གྲོས་མོལ་གནང་ཞིང་། ཚེས23ཉིན་གྱི་སྔ་དྲོ་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོས《ཁ་བྲལ་མཇུག་འགྲིལ་ནས་ཕ་ལེ་སི་ཐན་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་པེ་ཅིང་བསྒྲགས་གཏམ》སྟེང་མིང་རྟགས་བཀོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号