ལུས་རྩལ་པ་གྲུ་རུ་བསྡད་ནས་འགོ་ཚུཊ་མཛད་སྒོའི་ཚོཊ་རར་བསྐྱོད་རྒྱུ།

ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས26ཉིན་གྱི་དགོང་མོའི་ཆུ་ཚོད7དང་ཕྱེད་ཀ་སྟེ། པེ་ཅིང་གི་དུས་ཚོད་ཟླ7ཚེས27ཉིན་གྱི་ཐོ་རེངས་ཆུ་ཚོད1དང་ཕྱེད་ཀའི་ཐོག  སྐབས་སུམ་ཅུ་སོ་གསུམ་པའི་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་ཧྥ་རན་སིའི་ཕ་རི་སིའི་སའེ་ན་ཆུ་བོའི་ཐོག་ཏུ་འགོ་ཚུགས་རྒྱུ་ཡིན་པ་དང་།  དེ་ནི་དེང་རབས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་སྒོ་དབྱེའི་རང་བཞིན་གྱི་གྲོང་ཁྱེར་བར་མཐོངས་སུ་འགོ་ཚུགས་མཛད་སྒོ་གཉེར་ཐེངས་ཐོག་མ་དེར་འགྱུར་རྒྱུ་རེད། ཀྲུང་གོའི་འཐུས་མི་ཚོགས་པ་ཚུད་པའི་རྒྱལ་ཁབ་ཁག་གི་ལུས་རྩལ་པའི་འཐུས་མི་ཚོགས་པ་གྲུ་རུ་བསྡད་ནས་ཚོགས་ར་གཙོ་བོར་བསྐྱོད་རྒྱུ་ཡིན་པ་རེད།  

མདའ་རྩེད་དང་། ཤུད་པང་།  ཕི་ལི་ཞབས་བྲོ་སོགས་ཀྱི་འགྲན་བསྡུར་བྱ་ཡུལ་དག་ལུས་རྩལ་པ་བསྐྱོད་སའི་སའེ་ན་ཆུ་བོའི་ངོགས་གཉིས་སུ་ཡོད་ཅིང་།  ལུས་རྩལ་པ་ཚོས་ཚོགས་ར་གཙོ་བོར་བསྐྱོད་པའི་ལམ་བར་དུ་སྙན་དབྱངས་དང་ཞབས་བྲོ་སོགས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ལ་མྱོང་རོལ་བྱེད་ཆོག  

གཞུང་ཕྱོགས་ནས།  འགོ་ཚུགས་མཛད་སྒོ་གཉེར་བའི་ཉིན་མོར་ཞབས་བྲོ་འཁྲབ་མཁན་དང་རོལ་དབྱངས་མཁས་ཅན3000ལྷག་གིས་ཆུ་བོའི་ངོགས་གཉིས་དང་ལམ་རྒྱུད་ཀྱི་ཟམ་པའི་སྟེང་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་།  འགོ་ཚུགས་མཛད་སྒོའི་བརྒྱུད་རིམ་ཆ་ཚང་ལ་སྔོན་དཔག་བྱས་ན་ཆུ་ཚོད4ཡས་མས་འགོར་རྒྱུ་དང་། མི་གསུམ་འབུམ་ཙམ་གྱིས་ས་གནས་ས་ཐོག་ཏུ་འགོ་ཚུགས་མཛད་སྒོར་བལྟ་རྒྱུ་རེད་ཅེས་བརྗོད་ཡོད། 

ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག ཕི་ལི་ཞབས་བྲོའི་རྣམ་གྲངས་དེ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནང་ཐེངས་དང་པོ་ཞུགས་རྒྱུ་ཡིན་པ་དང་།  ཐོ་ཁེའུ་ཨོ་རྩལ་འགྲན་ཚོགས་སྐབས་སུ་འགྲན་བསྡུར་བྱེད་ཐེངས་དང་པོ་ཡིན་པའི་ཤུད་པང་དང་།  བྲག་འཛེགས།  རླབས་ཤུད་སོགས་ཀྱི་རྣམ་གྲངས་ཀྱིས་མུ་མཐུད་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ཐོག་གཞོན་སྐྱེས་ཀྱི་ཉམས་བཟང་གང་ལེགས་མངོན་རྒྱུ་རེད།  

ཕིང་ཕང་སྤོ་ལོའི་ལུས་རྩལ་པ་མཱ་ལུང་།

གར་སྟབས་རྐྱལ་རྩེད་ཀྱི་ལུས་རྩལ་པ་ཧྥེང་ཡུས།

ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་རྣམ་གྲངས་ཆེ་ཁག30ཡི་ཡན་ལག་རྣམ་གྲངས42ཀྱི་རྣམ་གྲངས་ཆུང་གྲས236གི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།  ད་ཐེངས་ནི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཕྱི་རྒྱལ་དུ་རྣམ་གྲངས་ཆུང་གྲས་ནང་ཞུགས་མང་ཤོས་ཀྱི་ཨོ་རྩལ་འགྲན་ཚོགས་ཤིག་ཀྱང་རེད།  འགོ་ཚུགས་མཛད་སྒོའི་ཐོག་དར་ཆ་འཁྱེར་མཁན་ནི་ཕིང་ཕང་སྤོ་ལོའི་ལུས་རྩལ་པ་མཱ་ལུང་དང་གར་སྟབས་རྐྱལ་རྩེད་ཀྱི་ལུས་རྩལ་པ་ཧྥེང་ཡུས་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号