ཧིན་རྡུ་ཉི་ཞི་ཡའི་གསེར་འདོན་གཏེར་ཁུངས་ཞིག་ལ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི23ཚེ་ལས་འདས་པ།

པར་འདི་ནི་ཟླ7པའི་ཚེས10ཉིན་རོགས་སྐྱོབ་མི་སྣས་ཧིན་རྡུ་ཉི་ཞི་ཡའི་གེ་ལུང་ཏ་ལའོ་ཞིང་ཆེན་པའོ་ཉི་པའོ་ལིང་གེ་རྫོང་གི་རི་ཉིལ་ས་ཁུལ་དུ་འཚོལ་བཤེར་བྱེད་བཞིན་པའི་རྣམ་པ་རེད། 

ཟླ7པའི་ཚེས10ཉིན། ཧིན་རྡུ་ཉི་ཞི་ཡའི་གེ་ལུང་ཏ་ལའོ་ཞིང་ཆེན་གྱི་དཔོན་རིགས་ཞིག་གིས། ཞིང་ཆེན་དེའི་པའོ་ཉི་པའོ་ལིང་གེ་རྫོང་ཁོངས་ཀྱི་གསེར་འདོན་གཏེར་ཁུངས་ཞིག་ལ་ཚེས6ཉིན་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི23ཚེ་ལས་འདས་ཤིང་། མི27གར་སོང་ཆ་མེད་དུ་གྱུར་བར་བཤད། 

གེ་ལུང་ཏ་ལའོ་ཞིང་ཆེན་གྱི་འཚོལ་སྐྱོབ་གཞུང་ལས་ཁང་གི་འགན་འཁྲི་མི་སྣ་པ་གུའུ་སི·ཨ་སི་མ་ལ་ཡིས་ཐེངས་འདིའི་གནོད་འཚེ་ཁྲོད་མི95ཤུལ་ལུས་བྱུང་ཡོད་ལ། གནམ་གཤིས་མི་བཟང་བ་དང་ས་གཤིས་བརྟན་འཇགས་མིན་པ་སོགས་ཀྱིས་འཚོལ་སྐྱོབ་ལས་དོན་ལ་དཀའ་ཁག་བཟོས་ཤིང་། ཚེས10ཉིན་གྱི་དྲག་ཆར་གྱིས་འཚོལ་སྐྱོབ་ལས་དོན་མཚམས་མི་འཇོག་ཐབས་མེད་བྱུང་བར་བཤད། 

པར་འདི་ནི་ཟླ7པའི་ཚེས10ཉིན་རོགས་སྐྱོབ་མི་སྣས་ཧིན་རྡུ་ཉི་ཞི་ཡའི་གེ་ལུང་ཏ་ལའོ་ཞིང་ཆེན་པའོ་ཉི་པའོ་ལིང་གེ་རྫོང་གི་རི་ཉིལ་ས་ཁུལ་དུ་འཚོལ་བཤེར་བྱེད་བཞིན་པའི་རྣམ་པ་རེད། 

ས་དེའི་དུས་ཚོད་ཚེས6ཉིན་གྱི་གནམ་གུང་དྲག་ཆར་བབས་པ་ལས་པའོ་ཉི་པའོ་ལིང་གེ་རྫོང་དུ་ཡོད་པའི་གསེར་འདོན་གཏེར་ཁུངས་ཞིག་གི་གཏེར་འདོན་བཟོ་བའི་སྡོད་ཁང་ལ་རི་ཉིལ་ཏེ་གནོད་སྐྱོན་ཐེབས་པ་རེད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号