དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དང་གསང་འཕྲིན་སྤྱི་ཁྱབ་པུའུ་ཡི་བཀོད་འདོམ་དཔོན་པོ་བསད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས22ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་སཱ་ཧྥེ་ཏེན་དང་གསང་འཕྲིན་སྤྱི་ཁྱབ་པུའུ་ཡི་བཀོད་འདོམ་དཔོན་པོ་ཧཱ་ཆི་མཱ་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ད་ལྟ་བདེན་དཔང་བྱས་ཆོག་པ་ནི། དབྱི་སི་རལ་གྱི་མཁའ་དམག་གིས་གཟའ་འཁོར་གསུམ་གྱི་ཡར་སྔོན་ཀྲིན་ཀྲུའུ་ཏང་གི་ལེ་པཱ་ནུན་གྱི་པེ་རུ་ཐིའི་ཏའེ་ཞེ་ཡེ་ས་ཁུལ་དུ་ཡོད་པའི་གསང་འཕྲིན་སྤྱི་ཁྱབ་པུའུ་ལ་གསང་འཕྲིན་ལྟར་གནད་ལ་འཁེལ་བའི་ཆམ་ཕབ་བཏང་བ་དང་། སྐབས་ཐོག་དེར་གནས་དེར་ཀྲིན་ཀྲུའུ་ཏང་གི་ཁོངས་མི25ལྷག་ཡོད་ལ། སཱ་ཧྥེ་ཏེན་དང་ཧཱ་ཆི་མཱ་གཉིས་ཐེངས་དེའི་འཇབ་རྒོལ་འགུལ་སྐྱོད་ཁྲོད་བསད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སཱ་ཧྥེ་ཏེན་ལོ་མང་བོའི་རིང་ལ་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་ཐབས་ཇུས་ལ་ཞུགས་པ་དང་དབྱི་སི་རལ་ལ་དམིགས་པའིི་འཇབ་རྒོལ་བྱ་འགུལ་ལ་བཀོད་འདོམ་བྱས་མྱོང་། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་མུ་མཐུད་དུ་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་དང་དབྱི་སི་རལ་གྱི་མི་སེར་དཀྱུས་མར་འཇིགས་ཉེན་བཟོ་བའི་མི་སྣར་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

མིག་སྔའི་བར་དུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་འདིའི་ཚེས8ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཀྲིན་ཀྲུའུ་ཏང་གི་སྟོབས་ཤུགས་ཇེ་ཞན་དུ་བཏང་ཡོད་ལ། ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣ་སྟོང་ཕྲག་འགའ་བསད་པ་དང་། དེའི་ནང་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་དང་ནཱ་སི་ལུའུ་ལཱའི་རྒྱུན་འཛིན་མཁན། དེ་མིན་རྒྱུན་འཛིན་མཁན་གྱི་རྗེས་འཇུག་མཁན་སོགས་བསད་ཡོད་ཟེར་ཡང་། ཁོས་ནཱ་སི་ལུའུ་ལཱའི་རྒྱུན་འཛིན་མཁན་གྱི་མིང་གསལ་བོར་གླེང་མེད།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号