གཉིད་ཀྱིས་མ་འདང་ན་བྱིས་པར་ཤུགས་རྐྱེན་ངན་པ་ཡོད་དམ།

དང་པོ། གཟུགས་པོ་འཚར་ལོངས་ཐད། སྐྱེ་འཚར་སྐུལ་རྩི་མཚན་མོ་གཉིད་ཉལ་སྐབས་ཟགས་ཐོན་མང་བ་དང་གཉིད་མ་འདང་ཚེ་སྐྱེ་འཚར་སྐུལ་རྩི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་ནས་བྱིས་པའི་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། 

ཀླད་པའི་ནུས་པའི་ཐད། བྱིས་པའི་ཡིད་འཛིན་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། བློ་རྩེ་གཅིག་སྒྲིམ་མིན་པ། སློབ་སྦྱོང་གི་ལས་ཕྱོད་ཇེ་དམའ་རུ་འགྲོ་སྲིད། རྒྱུ་མཚན་ནི་གཉིད་ནི་ཀླད་པའི་དྲན་ཤེས་སྲ་བརྟན་དུ་གཏོང་བའི་དུས་སྐབས་གལ་ཆེན་ཞིག་ཡིན་པས་གཉིད་ཀྱིས་མ་འདང་ན་བརྒྱུད་རིམ་འདི་ལ་བར་ཆད་བཟོ་སྲིད། དུས་མཚུངས་སུ་ཀླད་ཆེན་དུས་ཡུན་རིང་པོར་ངལ་དུབ་ཀྱི་རྣམ་པར་གནས་པ་དང་། ཀླད་ཆེན་གྱིས་ཆ་འཕྲིན་བསྡུ་ལེན་དང་ཐག་གཅོད་བྱེད་པར་ཤུགས་རྐྱེན་ཐེབས་པ་རེད། 

གཉིས་པ། སེམས་ཁམས་ཀྱི་ཐད་ནས་བྱིས་པ་སུན་སྣང་དང་ཁོང་ཁྲོ་ལངས་སླ་བའམ་ཡང་ན་སེམས་ཁམས་མི་སྐྱིད་པར་འགྱུར་སླ་བ་དང་། སེམས་ཁྲལ་དང་སྐྱོ་སྣང་གི་སེམས་ཁམས་འབྱུང་སླ། 

གསུམ་པ། གཉིད་ཀྱིས་མ་འདང་ན་ད་དུང་བྱིས་པའི་རིམས་འགོག་ནུས་པ་ཆུང་དུ་ཕྱིན་ནས་ཁོ་ཚོར་ནད་གཞི་ཕོག་སླ་པོ་ཡོང་གི་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号