མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་གྲོས་ཆོད་གཉིས་བདུན་བཞི་གཉིས་ལ་གཅིག་གྱུར་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཆེད་མངག་ཚོགས་པའི་འགན་ཡུན་དེ2025ལོའི་ཟླ7པའི་ཚེས14ཉིན་བར་ཟླ་ངོ12ཀྱིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཟླ་རེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཧི་ཐེ་ཏཱའི་གྲོས་མཐུན་གྱི་དངོས་འབེབས་གནས་ཚུལ་སྙན་ཞུ་བྱེད་དགོས་པ་དང་། ཉུང་མཐར་ཡང་རོགས་སྐྱོར་ཚོགས་པའི་འགན་ཡུན་གསར་བ་མཇུག་མ་སྒྲིལ་གོང་གི་ཟླ་ངོ་གཅིག་གི་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་རོགས་སྐྱོར་ཚོགས་པའི་བྱ་བའི་གྲོས་ཞིབ་སྙན་ཞུ་ཞིག་སྤྲོད་དགོས་པའི་རེ་བ་བཏོན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ནང་བསྟན་དོན། རོགས་སྐྱོར་ཚོགས་པར་དབང་ཆ་སྟེར་བར་གྲོས་ཞིབ་བྱེད་རྒྱུ་མ་ཟད། ས་དེའི་གནས་བབ་ཀྱི་འཕེལ་རྒྱས་ལ་གཞིགས་ཏེ་དགོས་ངེས་ཀྱི་ལེགས་སྒྲིག་བྱེད་དགོས་ཟེར།

ཧི་ཐེ་ཏཱའི་གྲོས་མཐུན་ནི2018ལོའི་ཟླ12པར་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པ་དང་དམག་དཔུང་ཕྱིར་འཐེན་བྱེད་པའི་ཐད་ནས་བཀོད་པའི་གྲོས་མཐུན་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས2019ལོའི་ཟླ་དང་པོར་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཚོགས་པ་བཙུགས་ནས་གྲོས་མཐུན་དེ་དངོས་འབེབས་བྱེད་པར་རོགས་རམ་བྱེད་རྒྱུ་ཐག་བཅད། རོགས་སྐྱོར་ཚོགས་པའི་ཆེས་ཐོག་མའི་འགན་ཡུན་ནི་ཟླ་ངོ་དྲུག་ཡིན་པ་དང་དེའི་རྗེས་སུ་ཐེངས་འགར་འགན་ཡུན་ཇེ་རིང་དུ་བཏང་བ་རེད།

2014ལོར། ཧུའུ་སེ་དྲག་ཆས་པས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་འཕྲོག་ལེན་བྱས་པ་དང་། ཡེ་མིན་སྲིད་གཞུང་ལྷོ་ཕྱོགས་ཀྱི་ཡཱ་ཏེན་གྲོང་ཁྱེར་དུ་གནས་སྤར་ནས་གཞུང་སྒྲུབ་མི་བྱེད་ཐབས་མེད་བྱུང་། ཧུའུ་སེ་དྲག་ཆས་པས་མིག་སྔར་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ས་ཁོངས་མང་ཆེ་བ་དང་མཚོ་དམར་གྱི་གྲུ་ཁའི་གྲོང་ཁྱེར་གཙོ་བོ་ཧི་ཐེ་ཏཱ་སོགས་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号