ཕའོ་ལན་དང་ཝུའུ་ཁི་ལན་གྱིས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་བཀོད།

ཕའོ་ལན་དུ་འཚམས་འདྲི་བྱེད་བཞིན་པའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཕའོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་གཉིས་ཀྱིས་ཚེས་བརྒྱད་ཉིན་ཕའོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ནས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་བཀོད།

གྲོས་མཐུན་དེ་ལས་ཕའོ་ལན་གྱིས་བར་སྣང་འགོག་སྲུང་དང་། ནུས་ཁུངས་བདེ་འཇགས། བསྐྱར་འཛུགས་བཅས་ཀྱི་ཐད་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད། ཐུའུ་སི་ཁི་ཡིས་གྲོས་མཐུན་བཀོད་རྗེས་བསྟན་དོན། གྲོས་མཐུན་དེར་དོན་དངོས་ཀྱི་ཕྱོགས་གཉིས་དམ་བཅའ་འདུས་པ་དང་། དེ་ནི་དོན་དངོས་མིན་པའི་དམ་བཅའ་ཞིག་མིན་ཟེར།

དེའི་སྔོན་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་སོགས་རྒྱལ་ཁབ་དང་ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཝུའུ་ཁི་ལན་བར་རིགས་མཐུན་གྱི་གྲོས་མཐུན་བཀོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号