ཅོར་ཏན་གྱི་ཨ་མན་མགོ་ཁྲིད་པས་ཅ་ཧྲ་ས་ཁུལ་དུ་འཕྲལ་མར་ཡུན་རིང་གི་དམག་མཚམས་འཇོག་དགོས་ཞེས་འབོད་སྐུལ་བཏང་བ།

ཟླ5པའི་ཚེས22ཉིན། ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་རྒྱལ་ས་ཨན་མན་དུ་འཚམས་འདྲིར་ཕེབས་པའི་ཨ་མན་སུའུ་ཏན་ཧའེ་སའེ་མུའུ་དང་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་ཀྱིས་ཅ་ཧྲ་ས་ཁུལ་དུ་འཕྲལ་མར་ཡུན་རིང་གི་དམག་མཚམས་འཇོག་དགོས་ཞེས་ནན་བཤད་བྱས།

པར་འདི་ནི་ཟླ5པའི་ཚེས22ཉིན་ཅོར་ཏན་གྱི་ཨན་མན་མ་ཨར་ཁ་གནམ་ཐང་དུ་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པ(དབུས་གཡོན་)ཡིས་འཚམས་འདྲིར་ཕེབས་པའི་ཨ་མན་སུའུ་ཏན་ཧའེ་སའེ་མུའུ(དབུས་གཡོན་)ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བཞིན་པའི་རྣམ་པ་རེད།

ཉིན་དེར་ཅོར་ཏན་རྒྱལ་པོའི་ཕོ་བྲང་གིས་གསལ་བསྒྲགས་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན། ལྷག་པར་དུ་ཅ་ཧྲ་ས་ཁུལ་གྱི་ཉེན་ཁའི་གནས་བབ་ཐད་བསམ་འཆར་བརྗེ་རེས་བྱས་ཤིང་། ཕྱོགས་གཉིས་ཀྱིས་འཕྲལ་མར་ཅ་ཧྲ་ས་ཁུལ་དུ་ཡུན་རིང་གི་དམག་མཚམས་འཇོག་རྒྱུ་དང་མི་སེར་ལ་སྲུང་སྐྱོང་བྱ་རྒྱུ་མ་ཟད། ཅ་ཧྲ་ས་ཁུལ་གྱི་ས་གནས་ཁག་ལ་བཀག་རྒྱ་ཅི་ཡང་མེད་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདང་ངེས་བྱེད་པར་འབད་བརྩོན་བྱ་དགོས་ཞེས་བཤད།

པར་འདི་ནི་ཟླ5པའི་ཚེས22ཉིན་ཅོར་ཏན་གྱི་ཨན་མན་མ་ཨར་ཁ་གནམ་ཐང་དུ་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པ(དབུས་གཡོན་)ཡིས་འཚམས་འདྲིར་ཕེབས་པའི་ཨ་མན་སུའུ་ཏན་ཧའེ་སའེ་མུའུ(དབུས་གཡོན་)ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བཞིན་པའི་རྣམ་པ་རེད།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འཕྲལ་མར་ཛ་དྲག་གི་བྱ་སྤྱོད་སྤེལ་ནས་ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བར་བཀག་འགོག་བྱེད་དགོས་ཞེས་བསྐྱར་བསྒྲགས་བྱས་པ་མ་ཟད། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་རུ་དམག་དོན་གྱི་བྱ་སྤྱོད་སྤེལ་བ་དེས་ས་ཁུལ་བར་གྱི་འགལ་འདུ་ཇེ་ཆེ་རུ་འགྲོ་བའི་ཉེན་ཁའི་མཇུག་འབྲས་ཡིན་པར་བཤད། ཁོང་གིས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”རྨང་གཞི་སྟེང་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་འདུ་ཞི་འཇགས་སུ་གཏོང་ཆེད་ངེས་པར་དུ་ཆབ་སྲིད་ཀྱི་མདུན་ལམ་འཚོལ་དགོས་ལ། ཕ་ལེ་སི་ཐན་མི་དམངས་ལ་ཁྲིམས་མཐུན་གྱི་དབང་ཆ་གང་ལེགས་ཐོབ་པར་རྒྱབ་སྐྱོར་བྱས་ཏེ། 1967ལོའི་མཐའ་མཚམས་རྨང་གཞི་བྱས་ཏེ་ཅེ་རུས་ས་ལེམ་ཤར་མ་རྒྱལ་ས་ཡིན་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号