ཧྥུའུ་ཧྭ་ཡིས་ཀྲུང་གོར་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཆེན་མོ་ཝུའུ་རུའོ་ལན་ལ་ཐུག་འཕྲད་གནང་བ།

ཟླ5པའི་ཚེས21ཉིན། ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཧྥུའུ་ཧྭ་ཡིས་པེ་ཅིན་དུ་ཀྲུང་གོར་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཆེན་མོ་ཝུའུ་རུའོ་ལན་ལ་ཐུག་འཕྲད་གནང་།

པར་འདི་ནི་ཟླ5པའི་ཚེས21ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཧྥུའུ་ཧྭ་ཡིས་པེ་ཅིན་དུ་ཀྲུང་གོར་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཆེ་མོ་ཝུའུ་རུའོ་ལན་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད། 

ཧྥུའུ་ཧྭ་ཡིས། ཞིན་ཧྭ་གསར་འགྱུར་ཁང་གིས་དབྱིན་ཇིའི་གནས་ཚུལ་སྤེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། དབྱིན་ཇིའི་སྨྱན་སྦྱོར་མང་པོ་དང་མཉམ་ལས་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རེ་བར་དབྱིན་ཇིའི་སྨྱན་སྦྱོར་བར་མཛའ་མཐུན་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་རྒྱུ་དང་། མི་ཐབས་རིག་ནུས་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་རྒྱ་ཆེར་གཏོང་རྒྱུ། ཚན་རྩལ་ལ་བརྟེན་ནས་རང་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ཐོན་པར་བྱས་ཏེ། ཀྲུང་དབྱིན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས་པར་བཤད།

ཝུའུ་རུའོ་ལན་གྱིས། གསར་འགྱུར་སྨྱན་སྦྱོར་གྱིས་མི་ཐབས་རིག་ནུས་ཀྱི་བརྗོད་གཞི་ལ་གྲོས་བསྡུར་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད། དབྱིན་ཇིའི་སྨྱན་སྦྱོར་གྱིས་ཀྲུང་གོར་ཁྱོན་ཡོངས་དང་གཏིང་ཟབ་པའི་གནས་ཚུལ་སྤེལ་རྒྱུ་དང་དབྱིན་ཇིའི་མང་ཚོགས་ལ་སྔར་བས་ཀྲུང་གོར་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་ཡིན་ཚུལ་བསྟན།

ཐུག་འཕྲད་སྔོན་ལ། ཝུའུ་རུའོ་ལན་འཁོར་དང་བཅས་པས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་ཆ་འཕྲིན་འགྲེམས་སྤེལ་ལྟེ་གནས་སུ་ལྟ་སྐོར་བྱས་པ་མ་ཟད། རྩོམ་སྒྲིག་པ་དང་གསར་འགོད་པར་བསམ་བློ་བརྗེ་རེས་གནང་བ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号