ཀྲུང་གོར་སླར་ཡང་འཛམ་གླིང་ཤུལ་བཞག་ཅིག་བྱུང་འདུག

པེ་ཅིང་གི་དུས་ཚོད་སྤྱི་ཟླ9བའི་ཚེས17ཉིན་གྱི་དགོང་མོར། སོ་ཏི་ཨ་རབ་ཀྱི་ལི་ཡ་དེར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་སྒྲིག་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་བཞི་བཅུ་ཞེ་ལྔ་པའི་ཐོག་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོའི་ཕུའུ་འར་ཅིང་མའེ་རི་བོའི་གནའ་བོའི་ཇ་གླིང་མཛེས་ལྗོངས་ཉིད༼ འཛམ་གླིང་ཤུལ་བཞག་མིང་གཞུང༽ནང་བཅུག་པས། དེ་ཉིད་འཛམ་གླིང་ཐོག་ཇ་བརྗོད་དོན་བྱས་པའི་འཛམ་གླིང་རིག་གནས་ཤུལ་བཞག་ཐོག་མར་གྱུར་བ་དང་། དེ་ལྟར་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་གྲངས་འབོར་ཡང57བར་མང་དུ་སོང་ཡོད།

ཕུའུ་འར་ཅིང་མའེ་རི་བོའི་གནའ་བོའི་ཇ་གླིང་མཛེས་ལྗོངས་ནི་ཡུན་ནན་ཞིང་ཆེན་ཕུའུ་འར་གྲོང་ཁྱེར་ལན་ཚང་ལ་གུ་རིགས་རང་སྐྱོང་རྫོང་དུ་གནས་ཤིང་། དེ་ནི་སྤྱི་ལོའི་དུས་རབས་བཅུ་པའི་ཚུན་དུ་པུའུ་ལང་རིགས་ཀྱི་སྔོན་བྱོན་མེས་པོ་རྣམས་ཀྱིས་ཤེས་རྟོགས་དང་ངོས་འཛིན་ཐུབ་པའི་རི་སྐྱེས་ཇ་ཤིང་ཞིག་ཡིན་པ་དང་། ནགས་ཚལ་གྱི་སྐྱེ་ཁམས་མ་ལག་ལ་བརྟེན་ནས་ཏའེ་རིགས་སོགས་དེ་གར་གཏན་སྡོད་བྱེད་པའི་མི་རིགས་ཁག་དང་མཉམ་དུ་ནགས་གསེབ་ཇ་ཤིང་གི་འདེབས་བཛུགས་ལག་རྩལ་འཚོལ་ཞིབ་བྱས་ཏེ་ལོ་ངོ་སྟོང་གི་སྲུང་སྐྱོབ་དང་གོང་འཕེལ་བརྒྱུད་ནགས་ཤིང་དང་ཇ་ཤིང་མཉམ་འཚར་ཐུབ་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་དམིགས་བསལ་གྱི་རིག་གནས་མཛེས་ལྗོངས་ཤིག་གྲུབ་ཡོད།


ཕུའུ་འར་ཅིང་མའེ་རི་བོའི་གནའ་བོའི་ཇ་གླིང་མཛེས་ལྗོངས་ཉིད་ནི་སྲུང་སྐྱོབ་ལེགས་ཤོས་ཐུབ་ཅིང་ནང་དོན་ཕུན་སུམ་ཚོགས་ཤོས་ལྡན་པའི་མི་ཐབས་ལ་བརྟེན་ནས་གནའ་བོའི་ཇ་ཤིང་འདེབས་གསོ་བྱས་པའི་དཔེ་མཚོན་ཞིག་རེད།  མཛེས་ལྗོངས་དེ་ནི་གནའ་བོའི་ཇ་ཤིང་ཁུལ་ལྔ་དང་། པུའུ་ལང་རིགས་དང་ཏའེ་རིགས་ཀྱི་གྲོང་ཚོ་དགུ་དེ་བཞིན་ལོགས་དབྱེ་ནགས་སྲུང་ཁུལ་གསུམ་བཅས་ལས་གྲུབ་པ་ཞིག་ཡིན་ཞིང་། དུས་ད་ལྟའི་བར་དུའང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号