རྟ་མགྲིན་མ་བུ་གཉིས་ལ་མོང་གོལ་རྒྱལ་ཁབ་ཀྱི་ཡུལ་སྐོར་གཞུང་ཚབ་ཆེན་མོའི་མཚན་བཟང་སྤྲད་པ།


མོང་གོལ་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་པ་ཐེར་ཨེར་ཏེང་ལགས་རྟ་མགྲིན་མ་བུ་གཉིས་ཀར་ཐུག་འཕྲད་གནང་སྟེ། ཁོ་གཉིས་ལ་མོང་གོལ་རྒྱལ་ཁབ་ཀྱི་ཡུལ་སྐོར་གཞུང་ཚབ་ཆེན་མོའི་དཔང་ཡིག་སྤྲད། དེ་ནི་མོང་གོལ་རྒྱལ་ཁབ་ཀྱིས་སྤྲད་པའི་ཀྲུང་གོའི་ཡུལ་སྐོར་གཞུང་ཚབ་པ་ཐོག་མ་རེད།    ཝུའུ་རན་པ་ཐའོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཐེ་མུར་ཐུའུ་མོ་ཡིས་ཝུའུ་རན་པ་ཐའོ་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས།  རྟ་མགྲིན་མ་བུ་གཉིས་ཀར་བཀའ་དྲིན་ཞུ་ཡིག་ཕུལ་ཏེ།  ཁོ་གཉིས་ཀྱིས་ཀྲུང་མོང་ཡུལ་སྐོར་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བར་བཀའ་དྲིན་ཞུས།

རྟ་མགྲིན་མ་བུ་གཉིས་ནི་མང་རྫོང་མང་ར་ཞང་ལོ་བ་ཞོལ་མ་སྡེ་བའི་ཡིན་ལ། རྟ་མགྲིན་གྱི་ཨ་མ་ཞིང་ལས་དང་ཁྱིམ་ལས་ཙག་ཙིག་བར་གླུ་ལེན་པར་དགའ་ཞིང་། མོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོས་ཉེ་འཁོར་གྱི་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་འདུག སློབ་ཆེན་འགྲིམས་བཞིན་པའི་རྟ་མགྲིན་གྱིས་ཨ་མའི་གླུ་སྐད་སྙན་མོ་དེ་སྔར་ལས་མི་མང་པོ་ཞིག་གི་རྣ་བའི་གསོས་སུ་འགྱུར་ཆེད་ཨ་མའི་བླངས་པའི་གཞས་ཤིག་དྲ་ལམ་དུ་སྤེལ་སྟབས། ལྟ་མཁན་དང་ཉན་མཁན་མང་པོ་ཞིག་གིས་དགའ་བསུ་ཆེན་པོ་ཐོབ། དེ་ནས་ཁོང་མ་བུ་གཉིས་ཀྱིས་ཁོམ་སྐབས་དང་བསྟུན་ནས་ཐད་གཏོང་གི་ལམ་ཁར་ཞུགས་ཤིང་། རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གནད་ཆེའི་སྐར་ཆ་བརྒྱའི་གར་སྟེགས་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐར་འོད་ལམ་ཆེན་ལེ་ཚན་སྒྲིག་ཁྲིད་ཚན་ཁག་གི་གདན་ཞུ་ལྟར2023ལོའི་ཟླ4པའི་ཚེས27ཉིན་པེ་ཅིང་དུ་སྐར་འོད་ལམ་ཆེན་ལེ་ཚན་གྱི་འགྲན་སྡུར་ལ་ཞུགས་ནས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号