ཞི་ཅིན་ཕིང་གིས་པེ་ནི་ནའི་ཙུང་ཐུང་ཐ་ལུང་དང་གྲོས་མོལ་གནང་བ།

ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པེ་ནི་ནའི་ཙུང་ཐུང་ཐ་ལུང་དང་གྲོས་མོལ་གནང་བ།04b8997b1d57adcc106bd74ea0451252_F202309031058348676708425.jpg04b8997b1d57adcc106bd74ea0451252_F202309031058348676708425.jpg

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ9པའི་ཚེས1ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པེ་ནི་ནའི་ཙུང་ཐུང་ཐ་ལུང་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པེའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་པེའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ་དང་རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་མང་གི་ཁྱབ་ཁོངས་སུ་འབྲེལ་མཐུད་མཐུན་སྦྱོར་བཟང་པོ་རྒྱུན་འཁྱོངས་བྱས་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་པེའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། པེ་ནི་ན་ཕྱོགས་དང་རིམ་པ་ཁག་གི་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་པེའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།
    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ངས་ཨ་ཧྥེ་རི་ཁར་དྲང་པོ་དང་ཟོལ་མེད་ཀྱི་སྲིད་ཇུས་བསམ་གཞི་བཏོན་ནས་ལོ10འཁོར་བའི་ལོ་ཞིག་རེད། ལོ10ཡི་རིང་། ཀྲུང་གོས་གྲོགས་པོ་ཨ་ཧྥེ་རི་ཁ་བ་ཚོར་ཐོག་མཐའ་བར་གསུམ་དུ་ལྟ་སྟངས་ཟོལ་མེད་འཛིན་པ་དང་། སྙིང་ཐག་པ་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་ལྷོ་ལྷོ་མཉམ་ལས་དང་རྒྱལ་སྤྱིའི་ཐོག་ཨ་ཧྥེ་རི་ཁར་མཉམ་ལས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་དེ་ཉིད་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། ཤེས་དཔལ་བཅས་འཕེལ་རྒྱས་ཀྱི་གལ་ཆེའི་གླིང་ཆེན་ཞིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་པ་དང་། རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་ཨ་ཧྥེ་རི་ཁ་ཕྱོགས་ལ་གོ་སྐབས་གསར་པ་མཁོ་འདོན་དང་པེ་ནི་ན་ཚུད་པའི་ཨ་ཧྥེ་རི་ཁའི་གཅེན་གཅུང་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དེ་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱས་ཏེ། ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གསར་པ་གཏོད་འདོད་ཡོད།
    ཐ་ལུང་གིས་གསུངས་དོན། ཀྲུང་གོ་ནི་པེ་ནི་ནའི་གྲོགས་པོ་རླབས་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ལྷད་མེད་ཀྱི་བརྩེ་སེམས་ཟབ་མོ་ཡོད། པེ་ཀྲུང་རྒྱལ་ཁབ་གཉིས་པོའི་སྤུས་ཚད་མཐོ་བའི་མཉམ་ལས་ལ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་པ་དེས། པེ་ནི་ནའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐུབ་རྒྱུ་དང་པེ་ནི་ནའི་རྒྱལ་ཁབ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་རམ་འདེགས་ཐུབ་རྒྱུ་རེད། དམངས་གཙོར་རྣམ་པ་གཅིག་མ་གཏོགས་མེད་པ་ག་ལ་སྲིད། དམངས་གཙོ་ངོ་མས་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་དགོས། དེའི་ཐད་ཀྲུང་གོས་རྒྱལ་ཁབ་གཞན་དག་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། པེ་ནི་ན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།
    གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། ཞིང་ལས་བཟའ་བཅའ། འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།
    ཕྱོགས་གཉིས་པོས《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པེ་ནི་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
    གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ཐ་ལུང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
    ཐ་ལུང་འབྱོར་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་རྗེས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་པེ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་བླངས་པ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21འཕངས་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཐ་ལུང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་སྦྲགས་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
    ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཐ་ལུང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号