སློབ་གྲྭ་དང་བུ་བཅོལ་ཁང་གིས་རླངས་འཁོར་གྱི་བདེ་འཇགས་ཇི་ལྟར་འཐུས་ཚང་དུ་གཏང་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན36པའི་གཏན་འཁེལ་ལྟར་ན། སློབ་གྲྭའི་རླངས་འཁོར་བེད་སྤྱོད་བྱེད་མཁན་སློབ་གྲྭ་དང་བུ་བཅོལ་ཁང་གིས་སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བདེ་འཇགས་དོ་དམ་མི་སྣ་བཀོད་སྒྲིག་བྱས་ཏེ་དུས་བཀག་ལྟར་སློབ་གྲྭའི་རླངས་འཁོར་ལ་བདེ་འཇགས་ཞིབ་བཤེར་བྱ་དགོས་ཤིང་། སློབ་གྲྭའི་རླངས་འཁོར་གྱི་ཁ་ལོ་བར་བདེ་འཇགས་སྐོར་གྱི་སློབ་གསོ་བཏང་དགོས་པར་མ་ཟད། ནར་མ་སོན་པའི་མིར་སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས་སྡོད་སྟངས་ཤེས་བྱ་འགྲེལ་བཤད་བྱས་ནས་སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས་དོན་རྐྱེན་འཚུབ་ཟློག་ཐག་གཅོད་ཀྱི་རྩལ་ནུས་གསོ་སྐྱོང་བྱ་དགོས་ཞེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号