དཔའ་ལུང་གི་ཁྱིམ་བདག་འདིས་བྱིས་པ་སློབ་གྲྭར་མ་བསྐྱལ་བས་བཟུང་།

ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱེད་མཁན་ཞིག་གིས་ནར་མ་སོན་པའི་མིར་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་བྱེད་དུ་མ་བཅུག་པའི་གྱོད་གཞིར་ཉིན་བཅོ་ལྔའི་ཁྲིམས་འཛིན་བཀག་ཉར་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། སྤྱི་ཚོགས་ཐོག་ནར་མ་སོན་པའི་མིའི་སློབ་གསོ་དང་ལེན་བྱེད་དབང་ལ་གནོད་འཚེ་གཏོང་མི་རུང་བའི་བརྡ་རྟགས་དྲག་པོ་ཞིག་བརྒྱུད་སྤྲོད་བྱས།     

2024ལོའི་སྟོན་དུས་ཀྱི་སློབ་མགོ་རྩོམ་སྐབས་དཔའ་ལུང་རྫོང་མཚེ་མགུར་གྲོང་རྡལ་ཤང་ཏུང་སྡེ་བའི(群科镇向东村)སྡེ་མི་སུའུ་ཆེ་གེ་མོས་བྱིས་པ་གཉིས་སློབ་གྲྭར་འོས་འགན་སློབ་གསོ་དང་ལེན་བྱེད་པར་མ་བསྐྱལ་ལ། མཚེ་མགུར་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར《སྲིད་འཛིན་ཆད་གཅོད་ཆོད་ཡིག》བཏོན་ཡང་དོ་སྣང་དང་ཁ་ཡ་མ་བྱས་པས། མཚེ་མགུར་གྲོང་རྡལ་སྲིད་གཞུང་གིས་ཁྲིམས་ལྟར་དཔའ་ལུང་རྫོང་ཁྲིམས་ཁང་ལ་བཙན་གྱིས་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱས། དཔའ་ལུང་རྫོང་ཁྲིམས་ཁང་གིས་གྱོད་གཞི་དེ་འབྱོར་རྗེས་འཕྲལ་མར་གྱོད་གཞི་དེར་བརྟག་དཔྱད་གཏིང་ཟབ་བྱས་པར་མ་ཟད། དུས་ཐོག་ཏུ་སྲིད་འཛིན་ཐག་གཅོད་ཡི་གེ་བཟོས་ཏེ་མཚེ་མགུར་གྲོང་རྡལ་སྲིད་གཞུང་གིས་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ཡི་གེ་དེ་བཙན་གྱིས་ལག་བསྟར་བྱེད་དུ་འཇུག་རྒྱུའི་ཐག་གཅོད་བྱས།

ཁྲུན་ཁྲ་སྐྱེལ་སྤྲོད་བྱས་རྗེས། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཐེངས་མང་པོར་སློབ་མའི་ཁྱིམ་དུ་སོང་ནས་སློབ་གྲྭར་འགྲོ་དགོས་པའི་སློབ་གསོ་དང་ཁྱིམ་བདག་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་གཏོང་བའི་སློབ་གསོ་བཏང་།《འོས་འགན་སློབ་གསོའི་བཅའ་ཁྲིམས》དང《ནར་མ་སོན་པའི་བྱིས་པར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས། དེ་བཞིན་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འོས་འགན་མ་སྒྲུབ་ན་བཅའ་ཁྲིམས་ཀྱི་མཇུག་འབྲས་འཁུར་དགོས་ཚུལ་བཅས་ཤེས་སུ་བཅུག་པར་མ་ཟད། སློབ་གསོ་མྱོང་བ་དེས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་མི་སྒེར་གྱི་མདུན་ལམ་དང་ལས་དབང་གི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ཡང་གསལ་བཤད་བྱས།

འོན་ཀྱང་སུའུ་ཆེ་གེ་མོས་སྔར་བཞིན་བྱ་བར་གཞོགས་འདེགས་མི་བྱེད་པ་དང་འོས་འགན་གཏན་ནས་མི་སྒྲུབ་པས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་དཔའ་ལུང་རྫོང་ཁྲིམས་ཁང་གིས་དེ་མ་ཉིད་དུ་སློབ་མཚམས་བཞག་པའི་སློབ་མ2ཀྱི་ལྟ་སྐྱོང་པ་སུའུ་ཆེ་གེ་མོར་བཙན་ཤེད་ཀྱི་བྱ་ཐབས་སྤྱད་དེ་ཉིན15ཁྲིམས་འཛིན་བཀག་ཉར་བྱ་རྒྱུའི་ཆད་པ་བཅད། 

བཀག་ཉར་བྱས་རྗེས། སུའུ་ཆེ་གེ་མོས་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་མི་བསྐྱལ་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ལ། བྱིས་པར་སློབ་གསོ་དང་ལེན་བྱེད་པ་དང་མདུན་ལམ་དང་ལས་དབང་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་བས། དེ་མ་ཉིད་དུ་འགྱོད་པ་སྐྱེས་ནས་རྣམ་འགྱུར་གང་ལེགས་ཀྱིས་དངུལ་ཆད་འཇལ་ཞིང་། སློབ་མཚམས་ཆད་པའི་བྱིས་པ་གཉིས་དུས་ཐོག་ཏུ་སློབ་གྲྭར་བསྐྱལ་བར་ཁག་ཐེག་བྱེད་པའི་དམ་བཅའི་ཡི་གེ་བྲིས།


གྱོད་གཞི་འདི་ལག་བསྟར་བྱས་པ་དེས་སུའུ་ཆེ་གེ་མོ་རང་ཉིད་ལ་ཆད་གཅོད་བསླབ་འདོམས་ཀྱི་ནུས་པ་ཆེན་པོ་ཐོན་པར་མ་ཟད། སྤྱི་ཚོགས་ཡོངས་ལ་སློབ་ལོ་རན་པའི་མིའི་སློབ་གསོ་ཐོབ་དབང་ལ་གནོད་འཚེ་གཏོང་མི་རུང་བ་དང་ལྟ་སྐྱོང་བས་ངེས་པར་དུ་ཁྲིམས་ལྟར་ནར་མ་སོན་པའི་བྱིས་པར་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་བྱེད་པར་བསྐྱལ་དགོས་པའི་བརྡ་རྟགས་གསལ་པོ་ཞིག་བཏང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号