གཉེན་སྒྲིག་ཐོ་འགོད་བྱེད་སྐབས་ཐེམ་ཐོ་མི་དགོས་པའི་གཏན་འབེབས་ཐད་་་

ཉེ་ཆར་དམངས་སྲིད་པུས་འཆར་ཟིན་བཀོད་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག(བཟོ་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན)》ཐད་སྤྱི་དམངས་ཀྱི་བསམ་འཆར་ཡོངས་བསྒྲགས་ངང་བསྡུ་ལེན་བྱས་ཤིང་། དེའི་ཁྲོད་དུ་གཉེན་སྒྲིག་ཐོ་འགོད་བྱེད་སྐབས་ཐེམ་ཐོ་མི་དགོས་པ་སོགས་ཀྱི་གཏན་འབེབས་གསར་པར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།

དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས། དོ་བདག་གིས་གཉེན་སྒྲིག་བྱེད་སྐབས་ཐེམ་ཐོ་འདོན་དགོས་པའི་གཏན་འབེབས་མེད་པ་བཟོས་པ་དེ་གཙོ་བོ་དོ་བདག་དང་ལྷག་པར་དུ་ས་ཆ་གཞན་དུ་གཉེན་སྒྲིག་ཐོ་འགོད་བྱེད་མཁན་མང་ཚོགས་ལ་སྟབས་བདེའི་མཐུན་རྐྱེན་ཆེ་ཤོས་བསྐྲུན་ཆེད་ཡིན་ཞེས་ལན་ཆ་གནང་ཡོད་པ་རེད།

ཐེམ་ཐོ་འཁྱེར་མི་དགོས་པ་བཟོས་པའི་དམིགས་ཡུལ་ནི་ས་ཆ་གཞན་དུ་གཉེན་སྒྲིག་ཐོ་འགོད་བྱེད་རྒྱུར་སྟབས་བདེ་བསྐྲུན་ཆེད་ཡིན། 

དམངས་སྲིད་པུས། ད་ལྟ་ལག་ལེན་བསྟར་བཞིན་པའི་སྲོལ་ཡིག་ནང་གཉེན་སྒྲིག་ཐོ་འགོད་བྱེད་སྐབས་དོ་བདག་ཕྱོགས་གཅིག་གི་རྒྱུན་སྡོད་ཐེམ་ཐོ་གནས་སའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་བསྒྲུབ་དགོས་པ་དང་། གྲོང་མིའི་ཐེམ་ཐོ་ནི་དེའི་ནུས་ལྡན་གྱི་དཔང་ཡིག་ཡིན་པའི་གཏན་འབེབས་བྱས་ཡོད། འོན་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་འགྲོ་བ་དང་བསྟུན་ནས་མི་འབོར་འཁོར་རྒྱུག་བྱེད་ཚད་མང་དུ་ཕྱིན་པས། མི་མང་པོ་ཞིག་གིས་ས་ཆ་གཞན་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བཞིན་ཡོད། ད་ཡོད་ཀྱི་གཏན་འབེབས་ཀྱིས་ཁོ་ཚོའི་གཉེན་སྒྲིག་ཐོ་འགོད་བྱེད་པར་ཚད་བཀག་ཆེན་པོ་ཐེབས་ཡོད་ལ། ཐེམ་ཐོ་ཡོད་སར་ལོག་ནས་ཐོ་འགོད་བྱེད་པར་ཡང་དགོས་མེད་ཀྱི་ཁུར་པོ་མང་དུ་བཏང་ཡོད། དོ་བདག་གིས་ཐེམ་ཐོ་འདོན་སྤྲོད་བྱེད་པའི་གཏན་འབེབས་མེད་པར་བཟོས་པའི་དམིགས་ཡུལ་ནི་གནད་དོན་འདི་ཐག་གཅོད་བྱེད་ཆེད་ཡིན་ཞེས་བརྗོད་འདུག

དམངས་སྲིད་པུའི་འགན་འཁུར་བས། གཉེན་སྒྲིག་ཐོ་འགོད་བྱེད་སྐབས་གྲོང་མིའི་ཐེམ་ཐོ་མི་དགོས་བཟོས་པའིཐད་བྱེད་འཐུས་རང་བཞིན་ལྡན་ཡོད་ཅེས་བརྗོད་པ་རེད།

● 2021ལོའི་ཟླ་6པ་ནས་བཟུང་། དམངས་སྲིད་པུས་ས་ཆ་མང་པོ་ཞིག་ཏུ་གཉེན་སྒྲིག་ཐོ་འགོད་ཀྱི“ཞིང་ཆེན་ལས་བརྒལ་ནས་སྒྲུབ་གཉེར”ཚོད་ལྟ་སྤེལ་བ་དེས་ཐེམ་ཐོ་མེད་པ་བཟོ་རྒྱུར་ལག་ལེན་གྱི་རྨང་གཞི་མཁོ་འདོན་བྱས་ཡོད།

● ལག་ཁྱེར་ཉུང་དུ་བཏང་ནས་དམངས་བདེའི་སྲིད་ཇུས་རབ་དང་རིམ་པ་བསྟུད་མར་བཏོན་པ་དང་བསྟུན་ནས། གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཐོབ་ཐང་ཆ་འཕྲིན་གཅིག་གྱུར་དང་ལག་ཁྱེར་མང་པོ་གཅིག་ཏུ་བསྡུས་པར་མངོན་གྱུར་བྱུང་བས། ཐེམ་ཐོ་དེ་གཉེན་སྒྲིག་ཐོ་འགོད་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་དུ་བརྩིས་པ་དེ་དེང་རབས་སྤྱི་ཚོགས་ཀྱི་མི་འབོར་དོ་དམ་གྱི་འཕེལ་ཕྱོགས་དང་འཚམ་པོ་མེད་པར་གྱུར་ཡོད།

● མིག་སྔར། རྒྱལ་ཡོངས་ཀྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་དྲ་ཐོག་ཐོ་འགོད་དང་། གཉེན་སྒྲིག་ཐོ་འགོད་དོ་དམ་ཆ་འཕྲིན་མ་ལག་དྲ་སྦྲེལ་མཉམ་འབྲེལ། གཉེན་སྒྲིག་ཐོ་འགོད་གྲངས་གཞི་དུས་ཐོག་ཏུ་གཅིག་སྡུད་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད་པས། དམངས་སྲིད་པུའི་གཉེན་སྒྲིག་ཆ་འཕྲིན་གྱི་གྲངས་གཞིའི་མཛོད་ཀྱི་ད་ཡོད་གྲངས་གཞི་ས་གནས་ཁག་གི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཚང་མས་དུས་ཐོག་ཏུ་འཚོལ་ཞིབ་དང་བེད་སྤྱོད་ཐུབ་ཀྱི་ཡོད།

● དམངས་སྲིད་པུའུ་དང་སྤྱི་བདེ་པུའུ་ཡིས་སྡེ་ཚན་དབར་ཆ་འཕྲིན་མཉམ་སྤྱོད་བྱས་པ་བརྒྱུད། རྒྱལ་ཡོངས་ཁྱབ་ཁོངས་ནང་གི་མི་འབོར་ཆ་འཕྲིན་ཞིབ་བཤེར་མངོན་འགྱུར་བྱུང་བ་དང་།“རྒྱལ་ཡོངས་སུ་ལས་གཉེར་བྱེད་པའི”དགོས་མཁོ་འགན་ལེན་ཐུབ་པ། གཉེན་སྒྲིག་བསྐྱར་ཟློས་དང་གཉེན་སྒྲིག་ཁ་བསླུས་རྒྱག་པ་སོགས་ཀྱི་སྣང་ཚུལ་སྔོན་འགོག་ནུས་ལྡན་ཐུབ་པ། དོ་བདག་མི་སྒེར་ལ་ཐེམ་ཐོ་མཁོ་འདོན་བྱེད་དུ་འཇུག་པ་སོགས་ཀྱི་བྱེད་སྟངས་དོན་དངོས་ཐོག་དོན་སྙིང་དང་དགོས་ངེས་རང་བཞིན་མེད་པར་གྱུར་ཡོད།

དམངས་སྲིད་པུས“བཟའ་ཚང་ཁ་བྲལ་གྱི་ཞི་ལྷོད་དུས་ཡུན”དང་བཟའ་ཚང་ཁ་བྲལ་བའི་རང་དབང་དབར་འགལ་བ་མེད་ཅེས་བསྟན་པ།

དམངས་སྲིད་པུས“བཟའ་ཚང་ཁ་བྲལ་གྱི་བསམ་གཞིགས་བྱེད་པའི་དུས་ཡུན”བཀོད་སྒྲིག་བྱེད་པ་ནི་འཆམ་མིན་གནས་ཚུལ་རྐྱེན་གྱིས་བཟའ་ཚང་ཁ་བྲལ་བའམ་ཡང་ན་ཧོལ་རྒྱུག་གིས་བཟའ་ཚང་ཁ་བྲལ་ཚད་ཉུང་དུ་གཏོང་ཆེད་ཀྱི་བྱ་ཐབས་ནུས་ལྡན་ཞིག་ཡིན། 《དམངས་དོན་ཁྲིམས་གཞུང》ལག་བསྟར་བྱས་ཚུན། དམངས་སྲིད་པུའུ་ཡིས་ས་གནས་ཁག་ལ་བཟའ་ཚང་ཁ་བྲལ་ཐོ་འགོད་ཀྱི་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་ཞབས་ཞུ་ཧུར་ཐག་སྤེལ་བ། སྤྱི་ཚོགས་ཐོག་འཆམ་མིན་གནས་ཚུལ་རྐྱེན་གྱིས་བཟའ་ཚང་ཁ་བྲལ་བའམ་ཧོལ་རྒྱུག་གིས་བཟའ་ཚང་ཁ་བྲལ་བའི་སྣང་ཚུལ་ཉུང་དུ་ཧུར་ཐག་བཏང་བས་ཕན་འབྲས་ཅུང་ལེགས་པོ་ཐོན་ཡོད་ཅེས་བསྟན་འདུག

དམངས་སྲིད་པུས། བཟའ་ཚང་ཁ་བྲལ་གྱི་བསམ་གཞིགས་དུས་ཡུན་ལམ་ལུགས་དེ་དོ་བདག་ལ་བཟའ་ཚང་ཁ་བྲལ་བའི་དབང་ཆ་ཡོད་མེད་དང་འགལ་བ་མེད་དེ། གལ་ཏེ་བཟའ་ཚང་ཕན་ཚུན་དབར་དངོས་སུ་བརྩེ་དུང་མེད་པར་གྱུར་ན། ཁྲིམས་ལྟར་བཟའ་ཚང་ཁ་འབྲལ་གྱི་གྲོས་མཐུན་ཐོ་འགོད་རེ་ཞུ་བྱེད་ཆོག་ལ། མི་དམངས་ཁྲིམས་ཁང་དུ་བཟའ་ཚང་ཁ་འབྲལ་གྱི་ཞུ་གཏུག་ཀྱང་བྱེད་ཆོག གལ་ཏེ་དོ་བདག་ལ་བཟའ་ཚང་ཁ་བྲལ་རིང་མི་སྒེར་དང་ཁྱིམ་ཚང་གི་ཁོངས་མིའི་མི་ལུས་བདེ་འཇགས་ལ་འཇིགས་སྐུལ་ཕོག་པ་སོགས་ཀྱི་གནས་ཚུལ་འཕྲད་ཚེ། དུས་ཐོག་ཏུ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་རྒུད་སྐྱོབ་ཐབས་ལམ་བརྒྱུད་དེ་རོགས་རམ་རེ་ཞུ་བྱེད་ཆོག་ཅེས་བརྗོད་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号