【གསར་བརྗེའི་ཉམས་ཞིབ】འཇུ་ལག་རྫོང་གིས2024ལོའི་རྫོང་ཡོངས་ཀྱི་ཏང་ཞུགས་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས།

རྒྱལ་ཡོངས་དང་ཞིང་ཆེན་ཡོངས། ཁུལ་ཡོངས་བཅས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཞུགས་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་གྱིས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་བཏང་ནས་གསར་དུ་འཕེལ་རྒྱས་གཏོང་བའི་ཏང་ཡོན་གྱི་སྤུས་ཚད་འགན་ལེན་དང་འཇུ་ལག་རྫོང་གི་ཏང་ཡོན་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད། ཟླ7པའི་ཚེས8ཉིན་ནས་ཚེས12ཉིན་བར། འཇུ་ལག་རྫོང་ཨུའི་རྩ་འཛུགས་པུས་རྫོང་ཨུའི་ཏང་གི་སློབ་གྲྭ་དང་མཉམ་འབྲེལ་ཐོག་རྫོང་ཡོངས་ཀྱི་ཏང་ཞུགས་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་ཁྱོན་སློབ་མ77གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་ནང་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གཤིས་ཆེ་རུ་གཏོང་བ། བྱང་ཚད་མཐོ་རུ་གཏོང་བ་བཅས་གཙོ་གནད་དུ་བཟུང་སྟེ། ཏང་གཤིས་སློབ་གསོ་དེ་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་གསོ་སྦྱོང་ལ་གྲུབ་འབྲས་ཏན་ཏིག་ཐོབ་པར་བརྩོན་ལེན་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号