ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༼ ཁག26པ། ༽
དོན་ཚན་བརྒྱ་དང་ཉེར་བཞི་པ། སྤྱི་ཚོགས་འགན་སྲུང་དང་། སྤྱི་ཚོགས་རོགས་སྐྱོབ། སྲིད་ཇུས་རོགས་སྐྱོར། གེགས་སེལ་རྒུད་སྐྱོབ་བཅས་ཀྱི་རྒྱུ་དངུལ་བགོ་བཤའ་རྒྱག་པ་སོགས་བྱེད་སྐབས། ཉེ་དགའ་ཕྱོགས་ཞེན་དང་མངོན་གསལ་དོད་པོས་དྲང་སྙོམས་མི་བྱེད་མཁན་གྱི་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་ལྔ་པ། རུས་རྒྱུད་དང་ནག་ཚོགས་སྟོབས་ཤུགས་སོགས་ལ་བརྟེན་ནས་མང་ཚོགས་ལ་བརྙས་བཅོས་གཉའ་གནོན་གཏོང་བའམ་ཡང་ན་ནག་ཕྱོགས་དང་ངན་རུལ་ལ་འབྲེལ་བའི་བྱེད་སྒོ་རྒྱ་ཡན་དུ་གཏོང་བ་དང་། ནག་ཚོགས་སྟོབས་ཤུགས་ཀྱི་“སྲུང་གདུགས་”བྱེད་རིགས་ལ། ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་དྲུག་པ། གཤམ་གསལ་བྱ་སྤྱོད་གང་རུང་ཞིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག) མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་རྣམས་སྲིད་ཇུས་སམ་ཡང་ན་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་ཐུབ་ཀྱང་དུས་ཐོག་ཏུ་ཐག་གཅོད་མ་བྱས་པར། སྒྱིད་ལུག་ནུས་མེད་དང་ལས་ཆོད་ཆུང་བས། ཤུགས་རྐྱེན་ངན་པ་བཟོས་པ།
(གཉིས) སྲིད་ཇུས་དང་མཐུན་པར་མང་ཚོགས་ཀྱིས་བདེ་སྡུག་ཞུས་པར་ཁྲལ་སེལ་སླ་བཅོས་དང་། རང་འགན་ཕར་དཀྲི་བྱས་ཏེ་ཏང་དང་མང་ཚོགས་བར་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་སྐྱོན་བཏང་བ།
(གསུམ) མང་ཚོགས་ལ་རྣམ་འགྱུར་ངན་པ་བསྟན་པ་དང་སྟབས་བདེ་རྩུབ་སྤྱོད་བྱས་ཏེ་ཤུགས་རྐྱེན་ངན་པ་བཟོས་པ།
(བཞི) མི་བདེན་རྫུན་སྒྲིག་དང་། གོང་ལ་མགོ་སྐོར་དང་འོག་ལ་སྦ་གསང་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ།
(ལྔ) བྱ་བ་མི་བསྒྲུབ་པ་དང་གང་བྱུང་སྒྲུབ་པ། འགོར་འགྱང་གིས་སྒྲུབ་པ། བྱ་བ་རྫུན་མ་སྒྲུབ་པ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག
དོན་ཚན་བརྒྱ་དང་ཉེར་བདུན་པ། རྒྱལ་ཁབ་ཀྱི་རྒྱུ་ནོར་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འཇིགས་སྐུལ་ཚབས་ཆེན་འཕྲད་སྐབས་སྐྱོབ་ཐུབ་ཀྱང་མ་བསྐྱབས་པ་ལས། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ། ཐ་ཚིག་སྒྲོག་པ་དང་ཐ་ཚིག་ནན་མོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་བརྒྱད་པ། ཏང་དོན་དང་། སྲིད་དོན། བཟོ་གྲྭའི་ལས་དོན། སྡེ་(གྲོང་)དོན་སོགས་གཏན་འབེབས་ལྟར་ཡོངས་བསྒྲགས་མ་བྱས་པར། མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་ལ་བཙན་གནོད་བྱས་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་དགུ་པ། མང་ཚོགས་ཀྱི་སྒྲིག་ཁྲིམས་སྐོར་གྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཞན་དག་ཡོད་རིགས་ལ། དེའི་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ནས་འབུད་པའི་བར་གྱི་ཆད་པ་གཅོད་རྒྱུ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注