【གསར་བརྗེའི་ཉམས་ཞིབ།】ཧྲན་ཏུང་ལིན་དབྱི་ཚོད་ལྟའི་སློབ་འབྲིང་གི་ཕུགས་བསམ་དད་སེམས་སློབ་གསོའི་གསོ་སྦྱོང་འཛིན་གྲྭས་རྐང་ཚ་རྫོང་དུ་ཡུལ་དངོས་ནས་སློབ་ཁྲིད་བྱེད་སྒོ་སྤེལ།    

ཕུགས་བསམ་དད་སེམས་སྔར་ལས་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ། སྙིང་སྟོབས་ལ་གསོན་ཤུགས་སྩོལ་བ།  རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭ་དང་མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭ་དབར་གྱི་འབྲེལ་གཏུག་དང་བརྗེ་རེས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་ཆེད། ཟླ6པའི་ཚེས27ཉིན། མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭའི་ཧྲན་ཏུང་ལིན་དབྱི་ཚོད་ལྟའི་སློབ་འབྲིང་གི་ཕུགས་བསམ་དད་སེམས་སློབ་གསོའི་གསོ་སྦྱོང་འཛིན་གྲྭའི་སློབ་མ51གིས་རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭར་ཡུལ་དངོས་ནས་སློབ་ཁྲིད་བྱེད་སྒོ་སྤེལ།    

སྦྱོང་བརྡར་ནང་ཞུགས་པའི་སློབ་མ་ཚོས་ཁེ་རམ་ཐང་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་རྟེན་གཞིར་ཁེ་རམ་ཐང་གི་རང་བྱུང་གི་མཛེས་པ་དང་སྐྱེ་ཁམས་ཀྱི་མཛེས་པར་ཉམས་ལེན་བྱས་ནས། ཡང་བསྐྱར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐྱོད་པའི་ལམ་བུའི་ཐོག་བསྐྱོད་དེ་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བའི་ཕན་འབྲས་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས། དེ་དང་ཆབས་ཅིག དཀོན་ལོ་གོང་མ་སྡེ་བར“ལྟེ་བ་གཅིག་དང་རུ་ཁག་ལྔ”ཡི་བྱ་བའི་བཅའ་ཁྲིམས་དང“གདོང་ལེན་གསུམ་བརྩོན་ལེན་དང་ལམ་བུ་གསུམ་གཏོད་པའི”སྤྱིའི་དམིགས་ཚད་ལ་རྒྱུས་ལོན་ཞིབ་ཕྲ་བྱས།  གཞན་ཡང་། སློབ་མ་ཚོ་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ་ཡོང་ནས“ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཡི་སྐྱེ་ཁམས་ཀྱི་ངོ་མཚར་བའི་ལྟད་མོར་བལྟས་ཤིང་། གསེར་ཉ་ཡར་འགྲོ་ཡིས་སློབ་མ་ཚོར་གསོན་ཉམས་ལྡན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་ཚན་ཞིག་ཁྲིད་པས་སློབ་མ་ཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་སྤྲོ་སེམས་ཆེ་རུ་ཕྱིན་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་དང་ཚེ་སྲོག་གི་དོན་སྙིང་ལའང་ངོས་འཛིན་གཏིང་ཟབ་ཐུབ་ཡོད།    

སློབ་མ་ཚོས་ཐེངས་འདིའི་གསོ་སྦྱོང་ལ་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ལྡན་ལ་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཡོད་པས་སྤུས་ཚད་མཐོ་བའི“བསམ་པའི་རྒྱགས་ཕྱེ”ཞིག་རེད།  གསོ་སྦྱོང་བྱས་པ་བརྒྱུད་ཕུགས་བསམ་དད་སེམས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་ལས་གཏིང་ཟབ་བྱུང་ཡོད་ལ། ཏང་གི་བྱ་གཞག་གི་ཆེད་དུ་ཚེ་གང་འབད་འཐབ་བྱེད་པའི་རང་ཉིད་ཀྱི་ཆོད་སེམས་ཀྱང་སྔར་ལས་བརྟན་དུ་ཕྱིན་ཡོད།  ཕྱིར་ལས་གནས་སུ་ལོག་རྗེས་སྦྱངས་པ་ལག་ལེན་དུ་བསྟར་ནས་བསམ་བློའི་ཐད་མཐོར་འདེགས་གསར་པ་དང་རིགས་པའི་གཞུང་ལུགས་ཐད་གྲུབ་འབྲས་གསར་པ་ཐོབ་པ། བྱ་བའི་ཐད་ཚད་བརྒལ་གསར་པ་བཅས་ཡོང་བར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སློབ་གསོའི་བྱ་གཞག་ལ་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号