གསར་བརྗེའི་གཞི་རྒྱུས་སྡེ་ཁུལ་མཛེས་པར་བྱས།

སྤྱི་ཟླ7པའི་ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ103འཁོར་བའི་དུས་བཟང་ཞིག་ཡིན་ཞིང་དུས་བཟང་དེར་རྟེན་འབྲེལ་ཞུ་ཆེད།   བོད་ལྗོངས་ཀྱི་ལས་ཁུངས་ཁག་དང་ཚན་པ་ཁག་གིས་གསར་བརྗེའི་གཞི་རྒྱུས་རབ་ཏུ་ཕྱུག་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་སྟོད་སྡེ་ཁུལ་གྱིས་དེ་ཉིན་གྲོང་ཁྱེར་ལྷ་སའི་ཀྲུང་ཧྭ་རིག་གནས་བརྗོད་དོན་གཙོ་བོའི་སྤྱི་གླིང་དུ་ཏང་འཛུགས་ལོ་རྒྱུས་ལ་བསྐྱར་དྲན་གྱིས་གསར་བརྗེའི་ཞབས་རྗེས་འཚོལ་བ་ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་དད་སེམས་ཀྱིས་ཕྱུག་པའི་སྒོ་ནས་ཏང་གི་ལོ་རྒྱུས་ལ་རྗེས་དྲན་བྱས་པ་མ་ཟད།    ཏང་འཛུགས་སྙིང་སྟོབས་རྒྱུན་མཐུད་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་པ་རེད།

བྱེད་སྒོའི་ཐོག་ཏང་ཡོན་ཚོས་མགྲིན་གཅིག་ཏུ་ཏང་བཞུགས་དམ་བཅའ་བསྐྱར་བསྒྲགས་བྱས་ནས་ཏང་ལ་བློ་དཀར་རྣམ་དག་གི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་ཁྲི་བློ་ལ་བརྟན་པོར་ངེས་པའི་ཆོད་སེམས་མཚོན་པར་བྱས་པ་རེད།

གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་པ་དང་། མའོ་ཀྲུའུ་ཞིའི་གཟི་འོད་ཅེས་པ་སོགས་ཀྱི་གསར་བརྗེའི་གླུ་གཞས་མཉམ་གཏོང་གིས་ཏང་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས་འདུག

དེ་བཞིན་གསར་བརྗེའི་གླུ་གཞས་ཀྱི་མིང་བརྗོད་འགྲན་བསྡུར་དང་། ཏང་གི་ལོ་རྒྱུས་མཐུད་རྒྱུག་འགྲན་བསྡུར། སྟོབས་ཤུགས་གཅིག་སྒྲིལ་གྱི་ཐག་འཐེན་འགྲན་བསྡུར་སོགས་ཀྱི་བྱེད་སྒོས་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། ཏང་གི་བཀའ་དྲིན་དྲན་པའི་སྙིང་སྟོབས་མཚོན་པར་བྱས་པ་མ་ཟད་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཤེས་རྟོགས་ཐུབ་པར་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号