ཁྲི9918.5ཟིན་འདུག

ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། 2023ལོའི་ལོ་མཇུག་བར། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་བསྡོམས་འབོར་ཁྲི9918.5ཟིན་པ་དེ་ལོ་གོང་མ་ལས་ཁྲི114.4དངོས་འཕར་བྱུང་ཡོད་པ་དང་། ཏང་གི་གཞི་རིམ་རྩ་འཛུགས་ཁྲི517.6ཟིན་པ་དེ་ལོ་གོང་མ་ལས་ཁྲི11.1དངོས་འཕར་བྱུང་ཡོད་པ་རེད། 

ཀྲུང་གོ་གུང་ཁྲན་ཏང་གིས་གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་མཐུད་རྨང་གཞི་བརྟན་གཏོང་དང་། ཆད་སྐྱོན་གསབ་པ་དང་ཞན་ཆ་ལེགས་གཏོང་། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་ཚགས་དམ་དུ་གཏོང་བ་བཅས་བྱས་ཏེ། ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་གསོན་ཤུགས་སྟོབས་ཆེན་དང་འཐབ་འཛིང་གི་ནུས་པ་ཆེན་པོ་རྒྱུན་འཁྱོངས་ཐུབ་པར་བྱེད་ཀྱི་ཡོད།

ཏང་ཡོན་གྱི་བསྡོམས་འབོར་འཕར་ཚད་བརྟན་པོ་ཡོད་ཅིང་། ཏང་ཡོན་གྱི་བསྡོམས་འབོར་ལོ་གོང་མ་ལས1.2%འཕར་ཡོད། ལོ་ཧྲིལ་པོར་ཏང་ཡོན་ཁྲི240.8མང་དུ་ཕྱིན་པའི་ནང་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོའི་ཏང་ཡོན་ཁྲི127.6ཟིན་པ་དེས53.0%བཟུང་བ་དང་། ཆེད་ཚན་གྱི་སློབ་གྲྭ་ཆེན་མོ་དང་དེ་ཡན་གྱི་བསླབ་གནས་ལྡན་པའི་ཏང་ཡོན་ཁྲི128.0ཟིན་པ་དེས53.1%བཟུང་བ། ལོ35དང་དེ་མན་གྱི་ཏང་ཡོན་ཁྲི198.3ཟིན་པ་དེས82.4%བཟུང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号