མདོ་ལ་རྫོང་གིས“ཕྱོགས་གསུམ་ལ་ཤུགས་བཏོན་ནས”ཏང་ཡོན་སློབ་གསོའི་གསོ་སྦྱོང་ཆུ་ཚད་ཇེ་མཐོར་བཏང་།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཡོན་སློབ་གསོའི་གསོ་སྦྱོང་མངོན་གསལ་གྱི་གོ་གནས་སུ་བཞག་པ་དང་། རིམ་བགར་རིགས་དབྱེ་དང་སྣོད་བསྟུན་སློབ་ཁྲིད་རྒྱུན་འཁྱོངས་བྱས་པ། ཏང་ཡོན་སློབ་གསོའི་གསོ་སྦྱོང་གི“འགག་གནས་དང་ཐོད་བརྒལ་གནས། དོན་འཁྱོལ་གནས”བཅས་ཕྱོགས་གསུམ་ལ་ཤུགས་བཏོན་ནས། ཏང་ཡོན་སློབ་གསོའི་གསོ་སྦྱོང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་།

“འགག་གནས”གསལ་པོར་བཏང་སྟེ། “དཔེ་དེབ་ཁྲི་སྟོང་ཀློག་པའི”ཁྲོད་ཤེས་བྱ་བསགས། ལོ་འཁོར་མོའི་ཏང་ཡོན་སློབ་གསོའི་གསོ་སྦྱོང་གི་འཆར་གཞི་གཅིག་འདོམས་སྒོས་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། “རྫོང་རིམ་པའི་དཔེ་སྟོན་གསོ་སྦྱོང+གཞི་རིམ་ཏང་ཨུའི་ཀུན་ཁྱབ་གསོ་སྦྱོང+གཞི་རིམ་ཏང་རྩ་འཛུགས་ཀྱི་མཐིལ་རྟོལ་གསོ་སྦྱོང”གི་བྱེད་ཐབས་ལྟར། གཞུང་ལུགས་བྱང་ཚད་དང་ཏང་གཤིས་སློབ་གསོ། ཆེད་ལས་ནུས་པའི“གྲོས་གཞི་ཆེན་པོ་གསུམ”ནས་མགོ་བརྩམས་པ་དང་། ཏང་ཡོན་གསོ་སྦྱོང་གི“ཆེད་གཏོགས་སློབ་ཁྲིད་ཆ་ཚང”གཏན་འཁེལ་བྱས་པ། རིམ་བསགས་སྒོས་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་དང་ཏང་དོན་ལས་བྱེད་པའི་གསོ་སྦྱོང་སོགས་ཆེད་དམིགས་གསོ་སྦྱོང་འཛིན་གྲྭ་སྐབས22བསྒྲུབས་ཤིང་། ཁྱབ་ཁོངས་སོ་སོའི་ཏང་ཡོན་མི་ཐེངས3000ལྷག་གསོ་སྦྱོང་བྱས་ཏེ། ཏང་ཡོན་གྱི་གཞུང་ལུགས་བྱང་ཚད་ནུས་ལྡན་སྒོས་ཇེ་མཐོར་བཏང་།

“ཐོད་བརྒལ་གནས”ཡང་དག་པར་བཙལ་ཏེ། “ལེ་དབར་ཁྲི་རུ་སྐྱོད་པའི་ལམ་དུ”མཐོང་རྒྱ་བསྐྱེད། རྫོང་ནང་ཁུལ་གྱི་གསོ་སྦྱོང་དང་ཕྱི་རུ་བསྐྱོད་པའི་གསོ་སྦྱོང་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་པ་དང་། ཏང་དོན་ཤེས་བྱ་དང་ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་པ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་དང་པོ་ཞིང་ཆེན་ཕྱི་ནང་དུ་སོང་ནས་སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་སྒྲུབ་ཐབས་ལ་སློབ་སྦྱོང་བྱེད་པ། “ཡུལ་དངོས་སློབ་ཁྲིད+གྱོད་དཔེ་དབྱེ་ཞིབ+བགྲོ་གླེང་བརྗེ་རེས”ཀྱི་དངོས་འཐབ་ཅན་གྱི་བྱེད་ཐབས་བརྒྱུད། སློབ་མའི་མིག་རྒྱ་སྐྱེད་པ་དང་ཐབས་ལམ་ཡངས་པ། རྩལ་ནུས་ཇེ་ཆེར་འགྲོ་བར་རོགས་རམ་བྱས།

“དོན་འཁྱོལ་གནས”བརྟན་པོར་བཏང་སྟེ། “ཐོས་བསམ་སྒོམ་གསུམ”ཁྲོད་རྩལ་ནུས་ཇེ་ཆེར་བཏང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྔོན་ཐོན་དཔེ་མཚོན་ལ་གཟབ་ནན་གྱིས་སློབ་སྦྱོང་དང་ཕུལ་བྱུང་ཉམས་མྱོང་གི་སྒྲུབ་ཐབས་ཞུན་བརྡར་བྱེད་པ། སྔོན་ཐོན་བཅོས་སྐྱོང་མ་དཔེ་མཐུན་སྦྱོར་བྱེད་པ་བཅས་བརྒྱུད་དེ། བྱ་བའི་ཐད་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གསར་གཏོད་དང་། བྱེད་ཐབས་ཐད་ནས་ཧུར་ཐག་གིས་རིགས་བསྒྱུར་བ། གསོ་སྦྱོང་ཐད་ནས་སྤུས་འདེགས་ཕན་འཕར་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར45ཡི་ཁེ་ཕན་བརྟན་བརླིང་ངང་འཕར་བ། “ལས་རྐང་ཁྲི་སྟོང”གི་ཏང་གི་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ། སློབ་གསོ་གསོ་སྦྱོང་དེ་བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号