ནར་མ་སོན་པའི་མི་བདེ་སྲུང་དོ་དམ་གཏན་འཁེལ་དང་འགལ་ན་བཀག་ཉར་མི་བྱེད་དོན་ཅི།
རང་རྒྱལ་གྱི《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན21པའི་གཏན་འཁེལ་ལྟར་ན། “སྲིད་འཛིན་བཀག་ཉར་གྱི་ཆད་པ་གཅད་དགོས་ཀྱང་ལག་བསྟར་མི་བྱེད་པའི་དམིགས་བསལ་གནས་ཚུལ་ཡོད་པ་ནི། དང་པོ། ལོ14ནས16བར་གྱི་ནར་མ་སོན་པའི་མི་ཡིན་པ། གཉིས་པ། ལོ16ནས་ལོ18བར་གྱི་ནར་མ་སོན་པའི་མི་ཐེངས་དང་པོར་བདེ་འཇགས་དོ་དམ་དང་འགལ་བའི་རིགས། གསུམ་པ། ལོ70ཡན་ཡིན་པ། བཞི་པ། མངལ་ཆགས་པའམ་རང་ཉིད་ཀྱི་ལོ1ལ་མ་སོན་པའི་ཕྲུ་གུ་དམར་འབྱར་ལ་ནུ་མ་བསྣུན་པའི་རིགས། དེ་ཡང་གསལ་པོར་བཤད་ན། གོང་གསལ་གྱི་གནས་ཚུལ་འོག་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་ལ་ཁྲིམས་ལྟར་བཀག་ཉར་ཆད་པ་གཅད་རྒྱུའི་ཐག་བཅད་ཀྱང་ལག་བསྟར་མི་བྱེད”ཅེས་བཀོད་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注