ཉེན་རྟོག་པར་ངོ་རྒོལ་བྱས་ན་ཁྲིམས་ཆད་ག་འདྲ་ཕོག

གཅིག《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན50པའི་ནང་། རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པས་ཁྲིམས་ལྟར་ལས་འགན་སྒྲུབ་སྐབས་བཀག་འགོག་བྱེད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར200མན་གཅད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅད་རྒྱུ་དང་། སྒོར500མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་འགན་འཁྲིའི་བྱ་བ་སྒྲུབ་པ་བཀག་འགོག་བྱེད་མཁན་ལ་ཉེས་ཆད་ལྕི་མོ་གཅད་རྒྱུ་ཞེས་བཀོད་ཡོད།

གཉིས།《ཉེས་ཁྲིམས》ཀྱི་དོན་ཚན277པའི་ནང་། རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པས་ཁྲིམས་ལྟར་ལས་འགན་སྒྲུབ་སྐབས་དྲག་ཤུགས་དང་འཇིགས་སྐུལ་གྱིས་བཀག་འགོག་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ། ཡང་ན་དངུལ་ཆད་གཅད་རྒྱུ། ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་ཀྱིས་འཇབ་རྒོལ་བྱེད་མཁན་ལ་ནང་གསེས་དོན་ཚན1པོའི་གཏན་འབེབས་ལྟར་ཉེས་ཆད་ལྕི་མོ་གཅད་རྒྱུ་ཞེས་བཀོད་ཡོད།

《ཉེས་ཁྲིམས་ཀྱི་དག་བཅོས་འཆར་ཟིན(བཅུ་གཅིག)》གྱི་དོན་ཚན277པའི་ནང་གསེས་དོན་ཚན5པའི་ནང་། ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་ཀྱིས་ངོ་རྒོལ་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་དང་། མེ་མདའ་དང་བཀག་སྡོམ་བྱེད་པའི་གྲི་ཆས། ཡང་ན་འཕྲུལ་འཁོར་རིགས་ཀྱིས་གདོང་ཐུག་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མི་ལུས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ7མན་བར་གྱི་ཉེས་ཆད་གཅད་རྒྱུ་ཞེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号