དར་ལག་རྫོང་སྟག་ཐོག་ཞང་གིས“སྒྲོག་གཅིག་སྐུལ་གསུམ”གྱི་བྱ་བ་སྤེལ་བ།
ལས་བྱེད་པ་བརྒྱ་ཕྲག་བཞི་རིམ་དུ་བསྐྱོད་པའི“སྒྲོག་གཅིག་སྐུལ་གསུམ”བྱ་བ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བྱས་ཏེ། ཏང་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་བྱེད་པ་གསལ་སྟོན་གང་ལེགས་བྱ་ཆེད། ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཁུགས་ཉལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇིགས་སྐྱབས་ཀྱིས་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དེ་དཀའ་ངལ་ཡོད་པའི་བུད་མེད་ཀྱི་ཁྱིམ་དུ་བཅར་ཏེ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་ཞིང་ཕན་སྲིད་ཇུས་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ།
བྱ་འགུལ་སྤེལ་སྐབས་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མིས་གོ་བདེ་བའི་སྐད་ཆའི་ཐོག་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གི་སློབ་གསོ་འཕྲོད་བསྟེན་དང་། ཐོན་ལས་འཕེལ་རྒྱས། ཕྱུགས་ཟོག་གི་འགན་བཅོལ། སྤྱི་ཚོགས་ཀྱི་རོགས་སྐྱོར། སྲོལ་ངན་བཅོས་སྒྱུར། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་སོགས་ཐད་ཀྱི་སྲིད་ཇུས་ཀྱི་གཙོ་གནད་ལ་གསལ་འགྲེལ་བྱས་པ་དང་། དུས་མཚུངས་སུ་ཁོ་ཚོའི་ལུས་ཁམས་བདེ་ཐང་གི་གནས་ཚུལ་དང་། ཐོན་སྐྱེད་འཚོ་བའི་གནས་ཚུལ། ཁྱིམ་ཚང་གི་ཡོང་འབབ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། ཐོན་སྐྱེད་འཚོ་བའི་ཁྲོད་དཀའ་ངལ་ཡོད་པའི་བུད་མེད་ལ་འཚམས་འདྲི་དང་། ཁོང་ཚོའི་ཡིད་ཆེས་ཆེ་རུ་བཏང་ནས་སྤྲོ་སྣང་དང་དགེ་མཚན་ལྡན་པའི་འཚོ་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད། བྱ་འགུལ་སྤེལ་ཡུན་རིང་། ཁྱོན་བསྡོམས་འཚམས་འདྲིའི་མ་དངུལ་སྒོར2000དང་། འབྲས་དང་གྲོ་ཕྱེ། སྣུམ། རྡོ་སོལ་སོགས་འཚོ་བའི་དངོས་རྫས་སྦྱིན་པ་རེད།
ཐེངས་འདིའི་བྱ་འགུལ་བརྒྱུད། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་མང་ཚོགས་དང“སེམས་པ་དང་སེམས་པ་སྦྲེལ”ཏེ། ཡིད་ཆེས་ཇེ་ཟབ་དང་མི་སེམས་དྲོ་བ། དམངས་སེམས་བསྡུ་བ་བཅས་བྱེད་པའི་ལག་ལེན་བྱ་སྤྱོད་ཀྱིས་སྡེ་བའི“ཨུ་ལྷན་གཉིས”དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡིད་སེམས་དང་གཟི་བརྗིད་ཀྱི་འདུ་ཤེས་ཆེ་རུ་བཏང་བར་མ་ཟད། མང་ཚོགས་ལ་ཕན་པ་ཐོབ་པའི“བྱེད་ཐབས་དངོས་དང་དྲོ་སྐྱིད་བྱེད་ཐབས”ལ་བརྟེན་ནས“སྒྲོག་གཅིག་དང་སྐུལ་གསུམ”གྱི་བྱ་བར་དྲོ་སྐྱིད་ལྡན་པའི་རྨང་གཞི་ཞིག་བསྣན་ཡོད། རྗེས་མར་ཁུགས་ཉལ་སྡེ་བས“སྒྲོག་གཅིག་སྐུལ་གསུམ”བྱ་བ་སྤེལ་བ་གོ་སྐབས་སུ་བརྩིས་ནས་བསྟུད་མར་མང་ཚོགས་ཀྱི་དགོས་མཁོར་དོ་ཁུར་བྱེད་པ་དང་། མང་ཚོགས་ལ་ཕན་པ་དང་། དམངས་སེམས་དྲོ་བ། དམངས་སེམས་དང་མཐུན་པར་བྱེད་པ་བཅས་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུར་འབད་བརྩོན་བྱ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注