མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང་རྩོད་གླེང་འདུམ་འགྲིག་བྱ་བར་གྲུབ་འབྲས་མངོན་གསལ་བླངས།
ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་ཡིས་སྟེང་གི་ཇུས་འགོད་སྔར་བས་འཐུས་ཚང་དུ་བཏང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ། གྱོད་ཁུངས་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་བ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་པས་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་ལས་དོན་ལ་ཕན་འབྲས་མངོན་གསལ་བླངས།
མཐུན་སྦྱོར་དང་འདུམ་འགྲིག་གི་མཉམ་ཤུགས་གང་མགྱོགས་ཆགས་ཆེད། ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡིས་སྔ་རྗེས་སུ་ཞིང་ཆེན་ཁྲིམས་འཛིན་ཐིང་དང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ནོར་སྲིད་ཐིན་བཅས་དང་མཉམ་དུ་ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་འགྲིག་དང་། དྲ་ཐོག་ཞུ་གཏུག་དང་འདུམ་འགྲིག་སྦྲེལ་མཐུད། མཐུན་སྦྱོར་སྲུང་སྐྱོང་སོགས་ཀྱི་ཡིག་ཆ་བཀྲམ་སྟེ། ཤེས་བྱའི་ཐོན་བདག་དབང་གི་རྩོད་གཞི་སྣ་མང་ཅན་གྱི་འདུམ་འགྲིག་ལམ་སྲོལ་ཧུར་ཐག་ངང་བཙུགས། ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་འགྲིག་བྱ་རྒྱུ་དེ་སྲིད་འཛིན་གྱི་ཁྲུན་གཅོད་དང་། ཁྲིམས་འཛིན་ཞུ་གཏུག། འདུམ་གཅོད་སོགས་དང་འབྲེལ་མཐུད་དམ་ཟབ་དང་། མི་དམངས་འདུམ་འགྲིག་བྱ་རྒྱུ་དེ་ཁྲིམས་འཛིན་ངོས་འཛིན་དང་འདུམ་གཅོད་ངོས་འཛིན་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ་ཕྱོགས་མང་མཉམ་འགུལ་གྱིས་རྩོད་གཞི་ཐག་གཅོད་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་ཡོད།
ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡིས་ཁྲིམས་ཁང་དང་། ཤེས་བྱའི་ཐོན་དབང་། ཁྲུན་གཅོད་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་མང་པོ་མཉམ་འབྲེལ་བྱས་ཏེ “ཁྲིམས་ཁང་གིས་འོས་སྦྱོར་དང་། འདུམ་འགྲིག་ཨུ་ཡོན་ལྷན་ཁང་གྱིས་མཐུན་སྦྱོར། འདུམ་འགྲིག་པས་སྒྲུབ་པ། ཁྲིམས་དཔོན་གྱིས་ཁྲིད་སྟོན”བཅས་ཀྱི་གཏུག་བཤེར་འདུམ་འགྲིག་སྦྲེལ་མཐུད་ལས་དོན་སྤེལ་སྟངས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཡོད། མིག་སྔར་ཐོན་ལས་མཐུན་ཚོགས་དང་། ཞབས་ཞུའི་སྒྲིག་གཞི། ཁྲིམས་རྩོད་པའི་ལས་དོན་ཁང་བཅས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་རྩོད་གཞིའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་སོགས་འདུམ་འགྲིག་རྩ་འཛུགས་10བཙུགས་པ་དེ་དག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ལ་ཁྱབ་ནས་ཤེས་བྱའི་ཐོན་དབང་གྱོད་གཞི་དྲ་ཐོག་ནས་མངགས་གཏོང་དང་འདུམ་འགྲིག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འདུམ་འགྲིག་རྩ་འཛུགས་ཀྱིས་རིམ་རྩིས་བྱས་ན་གྱོད་གཞི151འདུམ་འགྲིག་བྱས་པ་དང་གྱོད་གཞི25བདེ་བླག་ངང་འདུམ་འགྲིག་བྱས་པ་དང་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་གཉིས་ཁྲི་གཉིས་ལྷག་ཟིན་ཡོད།
ཉིས་སྟོང་ཉེར་ལྔ་ལོར། ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁྱབ་ཁོངས་གསར་པ་དང་ལས་རྣམ་གསར་པར་དམིགས་པ་དང་སྡེ་ཁག་གིས་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་ལས་དོན་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རེད། 《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་འགྲིག་རྩ་འཛུགས་དོ་དམ་བྱ་ཐབས》བཟོས་ནས་པར་འགྲེམས་བྱས་ཏེ་འདུམ་འགྲིག་རྩ་འཛུགས་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་གི་རྩོད་གཞི་འདུམ་འགྲིག་བྱེད་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཤེས་བྱའི་ཐོན་དབང་གི་ཞུ་གཏུག་འདུམ་འགྲིག་ལས་དོན་སྦྲེལ་མཐུད་ས་ཚིགས་དང་སྐོར་སྐྱོད་ཁྲིམས་ར་འཛུགས་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ཤེས་བྱའི་ཐོན་དབང་གི“སྤྱིའི་ཆ་ནས་རྩོད་གཞི་འདུམ་འགྲིག་བྱེད་པའི”འདུམ་འགྲིག་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཁུངས་སྣེ་ཡོང་ཁུངས་སྔར་ལས་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་པ་དང་། ཆེད་དོན་གསོ་སྦྱོང་། ཡུལ་དངོས་སུ་ལྟ་སྦྱོང་བྱེད་པ། གྱོད་གཞི་ཞིབ་དཔྱད་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་འདུམ་འགྲིག་རྩ་འཛུགས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འདུམ་འགྲིག་པའི་ཆེད་ལས་བྱང་ཚད་དང་ལས་ཀའི་ནུས་པ་ཧུར་ཐག་སྒོས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཤེས་བྱའི་ཐོན་དབང་གི་རྩོད་གཞི་ནུས་ལྡན་ངང་སེལ་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注