ཐུན་ཏེ་རྫོང་གིས་ཡིག་ཆ་ཨང་དང་པོ་དང་སྡོད་ཁང་བདེ་འཇགས་འགན་སྲུང་བྱ་བའི་དྲིལ་བསྒྲགས་བྱ་འགུལ་སྤེལ།འཕྲིན་གཏོང་པ། ལྕགས་འབྲུག་རྒྱལ།
ཐུན་ཏེ་རྫོང་གིས་ཡིག་ཆ་ཨང་དང་པོ་དང་སྡོད་ཁང་བདེ་འཇགས་འགན་སྲུང་བྱ་བའི་དྲིལ་བསྒྲགས་བྱ་འགུལ་སྤེལ།
འཕྲིན་གཏོང་པ། ལྕགས་འབྲུག་རྒྱལ།
ཉེ་སྔོན། ཐུན་ཏེ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས། རྫོང་དམག་ཁོངས་ནས་ཕྱིར་ཐོན་པའི་དམག་མིའི་ལས་དོན་ཅུས་བཅས་ཀྱི་ལས་དོན་མི་སྣ་དང་མཉམ་འབྲེལ་སྒོས་སྡེ་བ་ཁག་ཏུ་བསྐྱོད་དེ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྐོར་གྱི་ཆེད་དོན་དྲིལ་བསྒྲགས་ཚོགས་འདུ་སྤེལ་ནས་དྲིལ་བསྒྲགས་གཅིག་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་ལ་དུས་མཉམ་དུ་སྐུལ་འདེད་བཏང་།
རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་དང་། རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས། རྫོང་དམག་ཁོངས་ནས་ཕྱིར་ཐོན་པའི་དམག་མིའི་ལས་དོན་ཅུས་བཅས་ཀྱི་འབྲེལ་གནས་སྡེ་བ་རྨ་བྱང་ཞང་གུར་དཀར་སྡེ་བ་དང་བྲག་དམར་ཞོལ་མ་སྡེ་བ། གསེར་འོད་སྡེ་བ་བཅས་སུ་སོང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་དྲིལ་བསྒྲགས་གཅིག་དང་སྐུལ་འདེད་གསུམ་གྱི་དྲིལ་བསྒྲགས་བྱ་འགུལ་སྤེལ། རྫོང་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ནོའུ་གཞི་ཡིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ནས་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་འགན་སྲུང་སོགས་སྲིད་ཇུས་ཀྱི་གཙོ་གནད་ལ་དམིགས་ནས་གསལ་འགྲེལ་གཏིང་ཟབ་བྱས། རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྫོང་ཡིག་སྐུར་ངོ་གཏུག་ཅུས་ཀྱི་ཅུས་ཀྲང་རྡོ་རྗེ་ཚེ་རིང་གིས་གྲོང་གསེབ་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་གསལ་འགྲེལ་གཏིང་ཟབ་བྱས། རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཕག་མོ་སྒྲོལ་མས་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་དང་། དལ་བའི་ནད་གཤིས་འགོག་བཅོས། སྦྲུམ་མའི་བདེ་ཐང་ལ་གཅེས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་དྲིལ་བསྒྲགས་བྱས་ཤིང་། དེ་དང་ཆབས་ཅིག་དྲིལ་བསྒྲགས་གཅིག་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་ལ་ཏང་གི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་སྟེང་། གྲོང་གསེབ་འཛུགས་སྐྲུན་དང་སྡོད་ཁང་བདེ་འཇགས་འགན་སྲུང་ཐད་ཞིང་པར་ཕན་པའི་སྲིད་ཇུས་དང་གྲོང་གསེབ་གནས་ཚུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྡེ་བའི་གནས་ཚུལ་དང་དམངས་ཀྱི་བསམ་ཚུལ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ནས་མང་ཚོགས་ཀྱི་མིག་སྔའི་དགོས་མཁོ་དང་རེ་འདུན་ཤེས་རྟོགས་བྱས་པའི་རྨང་གཞིའི་ཐོག་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ། སྡོད་ཁང་བདེ་འཇགས་འགན་ལེན། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་རྣམ་གྲངས། ཡོམ་འགོག་བསྒྱུར་བཀོད་སོགས་གཙོ་གནད་ལས་དོན་སོགས་ཡིག་ཆ་ཨང་དང་པོའི་དྲིལ་བསྒྲགས་ལས་དོན་དང་འབྲེལ་ཏེ་གསལ་བཤད་བྱས་པ་མ་ཟད། ཡིག་ཆའི་དགོངས་དོན་ལ་བརྟེན་ནས་ལས་ཀའི་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ། མང་ཚོགས་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁ་གསལ་ཡོང་བར་རོགས་རམ་བྱས།
ཚོགས་འདུར་ཞུགས་པའི་ཏང་ཡོན་འཐུས་མི་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། ཐེངས་འདིའི་དྲིལ་བསྒྲགས་ཧ་ཅང་ཁ་གསལ་ཡིན་པ་དང་། དྲིལ་བསྒྲགས་ཀྱི་ནང་དོན་མང་ཚོགས་དང་ཐག་ཉེ་ཞིང་། འགྲེལ་བཤད་ཀྱི་སྐད་ཆ་སྟབས་བདེ་དང་གོ་བ་སླ་བ་ཞིག་རེད། སྒྲོག་བཤད་ལ་ཉན་པ་བརྒྱུད་ཡིག་ཆ་ཨང་དང་པོའི་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་བ་དང་། ཞིང་པར་ཕན་ཐོགས་པའི་སྲིད་ཇུས་ལ་རྒྱུས་ལོན་སྔར་བས་གསལ་པོ་བྱུང་བས། ཚོགས་འདུའི་མཇུག་ཏུ་ཡིག་ཆ་ཨང་དང་པོ་ལ་ཡང་བསྐྱར་ཞིབ་ཀློག་དང་ཡང་བསྐྱར་སློབ་སྦྱོང་ནན་ཏན་བྱེད་པ་དང་འབྲེལ། ཉེ་འགྲམ་གྱི་གཉེན་ཉེ་དང་ཁྱིམ་མཚེས་ལ་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། ཚང་མས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་དམ་པོར་བསྟུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་རྒྱུན་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། ལོ་གསར་པའི་ནང་ཕན་འབྲས་སྔར་བས་མང་པོ་ཐོབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་པ་བསྟན།
རྨ་བྱང་ཞང་གུར་དཀར་སྡེ་བ་དང་བྲག་དམར་ཞོལ་མ་སྡེ་བ། གསེར་འོད་སྡེ་བ་བཅས་ཀྱི་སྡེ་སྡོད་ལས་དོན་རུ་ཁག་དང་། སྡེ་བའི་ཨུ་ལྷན་གཉིས་ཀྱི་ཁོངས་མི། ཏང་ཡོན་མང་ཚོགས་ཀྱི་འཐུས་མི་སོགས་བསྡོམས་པས་མི160ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注