མཚོ་སྔོན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་གྲོས་ཆོད་འཆར་ཟིན་སོ་སོར་གྲོས་ཞིབ་བྱས།

ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་མུ་མཐུད་དུ་གྲོས་ཆོད་འཆར་ཟིན་སོ་སོར་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན། ལིའུ་ཆི་ཧྥན། ཀྲང་ཅིན་ཀང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཝང་ལིས་མེན་གྱིས་མགོ་འཛིན་བྱས།

གྲོས་ཚོགས་སྟེང་རང་ཞིང་གི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号