ཐུན་ཏེ་རྫོང་ཨུའི་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས82པ་འཚོགས།
འཕྲིན་གཏོང་པ། ནོར་བུ་རྒྱ་མཚོ།
ཉེ་སྔོན། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཝུའེ་ཡིས་སྐབས་བཅུ་དྲུག་པའི་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས82པར་མགོ་འཛིན་བྱས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཁྲིམས་ལྟར་རྫོང་སྐྱོང་བ་དང་ཟས་རིགས་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། འབྲུ་རིགས་བདེ་འཇགས། ཆུ་བོ་དང་མཚེའུ་ཡི་མགོ་དཔོན་དང་ནགས་ཚལ་དང་རྩྭ་སའི་མགོ་དཔོན་ལམ་ལུགས་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་པ་མ་ཟད། འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཚོགས་འདུའི་ཐོག་བསྟན་དོན། རྫོང་ཡོངས་ཀྱི་གོང་འོག་ཚང་མས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། ལིའོ་ཉིང་དུ་གཞི་རིམ་མང་ཚོགས་ལ་འཚམས་འདྲི་དང་། ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སི་ཁྲོན་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་གི་རི་ཉིལ་ཐད་གནང་བའི་མཛུབ་སྟོན་དགོངས་དོན། ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དང་ཟུང་འབྲེལ་བྱས་ནས་གཞི་གཅིག་ཏུ་ཤེས་རྟོགས་དང་གཞི་གཅིག་ཏུ་ལག་བསྟར་བྱེད་དགོས།ཚོགས་འདུའི་ཐོག་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་སྟེ། དམངས་གཉེར་ཁེ་ལས་ཀྱི་ཛ་དྲག་དཀའ་ངལ་དང་། སེམས་ཁྲལ་གྱི་གནད་དོན་ལ་དམིགས་ནས་ཚོང་གཉེར་ཁོར་ཡུག་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྗིད་མོ་གཉིས་དང་གསར་བ་གཉིས་སོགས་ཁེ་ལས་ལ་ཕན་པ་ཡོད་པའི་དཀའ་ངལ་སེལ་བའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་དང་ཁེ་དབང་འགན་སྲུང་སོགས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་སློབ་ཆེན་སློབ་མས་ཐུན་ཏེ་གསར་གཏོད་དང་ལས་གཏོད་བྱེད་པའི་ཡིད་དབང་འགུག་ནས་འགན་འཁྲི་ལྡན་པ་དང་། འཇོན་ཐང་ལྡན་པ། བྱང་ཚད་ལྡན་པ་བཅས་ཀྱི་དམངས་གཉེར་ཁེ་ལས་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཤིང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བ། རིག་གནས་ཡིད་ཆེས་སྐུལ་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གསལ་གྱི་ལས་འགན་དང་། བྱེད་ཐབས། བླང་བྱ་བཅས་ལག་ལེན་དངོས་ཀྱི་ཁྲོད་དུ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁག་མཐའ་གཅིག་ཏུ་དམ་ཟབ་བྱེད་དགོས་ལ། རྨ་བྱང་དང་ཞོལ་མ། འཇང་ཆུང་བཅས་ཀྱི་ས་ཁུལ་ཕྱོགས་དང་རྨ་ཆུའི་འགྲམ་རྒྱུད་སོགས་རྫོང་ཁོངས་ཀྱི་ས་གཤིས་གནོད་འཚེ་འབྱུང་སླ་བའི་ཁུལ་དང་མངོན་མེད་ཉེན་ཁ་ཚབས་ཆེན་གྱི་གནས་ལ་དམ་པོར་དམིགས་ནས་ཤུགས་ཆེན་པོས་གནོད་འཚེ་སྣ་ཚོགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་ཉེན་ཁ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་པ་དང་། འགག་རྩའི་དུས་མཚམས་སུ་སྐོར་ཞིབ་ཐེངས་གྲངས་ཇེ་ཆེར་གཏོང་བ། གནམ་གཤིས་ཐལ་དྲགས་པའི་ས་གཤིས་གནོད་འཚེ་འབྱུང་སྲིད་པའི་ཉེན་ཁ་ཞིབ་འཇུག་དང་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྐྱོན་བྲལ་འཕེལ་རྒྱས་ཀྱི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་འཛིན་བྱེད་དགོས་པའི་བླང་བྱ་བཏོན།ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞིང་གསུམ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་གཉིས་སྔར་བས་ཟུང་འབྲེལ་བྱས་ཏེ། འགན་འཁྲི་དང་ལས་འགན་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། ལས་དོན་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཐུན་ཏེ་ནས་ལག་བསྟར་དང་ཕན་འབྲས་ཐོན་ཐུབ་པར་འགན་ལེན་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་། གྲོང་གསེབ་བཅོས་སྐྱོང་། གྲོང་གསེབ་འཛུགས་སྐྲུན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། ཞིང་ལས་རྩ་འཛུགས་ཅན་དང་སྤུས་རྟགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟརེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་གཏོང་བ། ལམ་ལུགས་འཐུས་ཚང་དུ་གཏོང་བ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དམ་འཛིན་ཏན་ཏིག་བྱེད་དགོས། ལས་བྱེད་པ་བརྒྱ་གྲོང་གསེབ་ཏུ་བསྐྱོད་ནས་དྲིལ་བསྒྲགས་གཅིག་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་ནན་ཏན་གྱིས་སྤེལ་བ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་གོ་བདེའི་སྐད་ཆའི་ཐོག་ནས་གསལ་པོར་བཤད་དེ་མང་ཚོགས་ཀྱི་སྲིད་ཇུས་ཤེས་རྟོགས་བྱེད་ཚད་ཏན་ཏིག་གིས་མཐོར་འདེགས་གཏོང་དགོས།ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་སྤྱི་མཐུན་བརྟག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་དང་། ཆ་ཚང་བ། ཡང་དག་པའི་སྒོ་ནས་གོ་བ་ལེན་དགོས་པ་དང་། གཅིག་ཤེས་ཀུན་གྲོལ་དང་། དམིགས་འབེན་མངོན་གསལ་གྱིས་འཕྲལ་དུ་གཙོ་གནད་ལས་དོན་དང་། ལས་འགན་གལ་ཆེན་། རྣམ་གྲངས་གལ་ཆེན་བཅས་ལ་སྐུལ་འདེད་དམ་འཛིན་བྱས་ཏེ་ལོ་ཧྲིལ་པོའི་ལས་དོན་ཡག་པོར་འགོ་ཚུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འཆར་འགོད་སྣེ་ཁྲིད་ལ་དམིགས་ཏེ་ཆུ་ནུས་དང་འོད་ནུས་སོགས་ཐོན་ཁུངས་གསར་སྤེལ་གཏིང་ཟབ་ནན་ཏན་གྱིས་ལེགས་པར་སྤེལ་ཏེ། ནུས་ཁུངས་གསར་པའི་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འདྲེས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ་དེང་རབས་གསོ་སྤེལ་ལས་རིགས་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཞིང་འབྲོག་ཐོན་རྫས་གལ་ཆེན་ཚད་ལྡན་ཅན་དང་། གཞི་ཁྱོན་ཆེ་བ། སྤུས་རྟགས་ཅན་བཅས་ཀྱི་ཆུ་ཚད་ཏན་ཏིག་གིས་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་མཉམ་འདྲེས་ལ་དམིགས་ཏེ་ཆུ་ཚད་མཐོ་བ་དང་རོལ་མྱོང་ལྡན་པའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་རྣམ་གྲངས་དེ་ཐུན་ཏེ་རྫོང་དུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས།ཚོགས་འདུའི་ཐོག་འབྲེལ་ཡོད་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
ཉེ་སྔོན། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཝུའེ་ཡིས་སྐབས་བཅུ་དྲུག་པའི་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས82པར་མགོ་འཛིན་བྱས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཁྲིམས་ལྟར་རྫོང་སྐྱོང་བ་དང་ཟས་རིགས་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། འབྲུ་རིགས་བདེ་འཇགས། ཆུ་བོ་དང་མཚེའུ་ཡི་མགོ་དཔོན་དང་ནགས་ཚལ་དང་རྩྭ་སའི་མགོ་དཔོན་ལམ་ལུགས་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་པ་མ་ཟད། འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་འདུའི་ཐོག་བསྟན་དོན། རྫོང་ཡོངས་ཀྱི་གོང་འོག་ཚང་མས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། ལིའོ་ཉིང་དུ་གཞི་རིམ་མང་ཚོགས་ལ་འཚམས་འདྲི་དང་། ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སི་ཁྲོན་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་གི་རི་ཉིལ་ཐད་གནང་བའི་མཛུབ་སྟོན་དགོངས་དོན། ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དང་ཟུང་འབྲེལ་བྱས་ནས་གཞི་གཅིག་ཏུ་ཤེས་རྟོགས་དང་གཞི་གཅིག་ཏུ་ལག་བསྟར་བྱེད་དགོས།
ཚོགས་འདུའི་ཐོག་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་སྟེ། དམངས་གཉེར་ཁེ་ལས་ཀྱི་ཛ་དྲག་དཀའ་ངལ་དང་། སེམས་ཁྲལ་གྱི་གནད་དོན་ལ་དམིགས་ནས་ཚོང་གཉེར་ཁོར་ཡུག་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྗིད་མོ་གཉིས་དང་གསར་བ་གཉིས་སོགས་ཁེ་ལས་ལ་ཕན་པ་ཡོད་པའི་དཀའ་ངལ་སེལ་བའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་དང་ཁེ་དབང་འགན་སྲུང་སོགས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་སློབ་ཆེན་སློབ་མས་ཐུན་ཏེ་གསར་གཏོད་དང་ལས་གཏོད་བྱེད་པའི་ཡིད་དབང་འགུག་ནས་འགན་འཁྲི་ལྡན་པ་དང་། འཇོན་ཐང་ལྡན་པ། བྱང་ཚད་ལྡན་པ་བཅས་ཀྱི་དམངས་གཉེར་ཁེ་ལས་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཤིང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བ། རིག་གནས་ཡིད་ཆེས་སྐུལ་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གསལ་གྱི་ལས་འགན་དང་། བྱེད་ཐབས། བླང་བྱ་བཅས་ལག་ལེན་དངོས་ཀྱི་ཁྲོད་དུ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁག་མཐའ་གཅིག་ཏུ་དམ་ཟབ་བྱེད་དགོས་ལ། རྨ་བྱང་དང་ཞོལ་མ། འཇང་ཆུང་བཅས་ཀྱི་ས་ཁུལ་ཕྱོགས་དང་རྨ་ཆུའི་འགྲམ་རྒྱུད་སོགས་རྫོང་ཁོངས་ཀྱི་ས་གཤིས་གནོད་འཚེ་འབྱུང་སླ་བའི་ཁུལ་དང་མངོན་མེད་ཉེན་ཁ་ཚབས་ཆེན་གྱི་གནས་ལ་དམ་པོར་དམིགས་ནས་ཤུགས་ཆེན་པོས་གནོད་འཚེ་སྣ་ཚོགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་ཉེན་ཁ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་པ་དང་། འགག་རྩའི་དུས་མཚམས་སུ་སྐོར་ཞིབ་ཐེངས་གྲངས་ཇེ་ཆེར་གཏོང་བ། གནམ་གཤིས་ཐལ་དྲགས་པའི་ས་གཤིས་གནོད་འཚེ་འབྱུང་སྲིད་པའི་ཉེན་ཁ་ཞིབ་འཇུག་དང་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྐྱོན་བྲལ་འཕེལ་རྒྱས་ཀྱི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་འཛིན་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞིང་གསུམ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་གཉིས་སྔར་བས་ཟུང་འབྲེལ་བྱས་ཏེ། འགན་འཁྲི་དང་ལས་འགན་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། ལས་དོན་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཐུན་ཏེ་ནས་ལག་བསྟར་དང་ཕན་འབྲས་ཐོན་ཐུབ་པར་འགན་ལེན་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་། གྲོང་གསེབ་བཅོས་སྐྱོང་། གྲོང་གསེབ་འཛུགས་སྐྲུན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། ཞིང་ལས་རྩ་འཛུགས་ཅན་དང་སྤུས་རྟགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟརེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་གཏོང་བ། ལམ་ལུགས་འཐུས་ཚང་དུ་གཏོང་བ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དམ་འཛིན་ཏན་ཏིག་བྱེད་དགོས། ལས་བྱེད་པ་བརྒྱ་གྲོང་གསེབ་ཏུ་བསྐྱོད་ནས་དྲིལ་བསྒྲགས་གཅིག་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་ནན་ཏན་གྱིས་སྤེལ་བ་དང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་གོ་བདེའི་སྐད་ཆའི་ཐོག་ནས་གསལ་པོར་བཤད་དེ་མང་ཚོགས་ཀྱི་སྲིད་ཇུས་ཤེས་རྟོགས་བྱེད་ཚད་ཏན་ཏིག་གིས་མཐོར་འདེགས་གཏོང་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་སྤྱི་མཐུན་བརྟག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་དང་། ཆ་ཚང་བ། ཡང་དག་པའི་སྒོ་ནས་གོ་བ་ལེན་དགོས་པ་དང་། གཅིག་ཤེས་ཀུན་གྲོལ་དང་། དམིགས་འབེན་མངོན་གསལ་གྱིས་འཕྲལ་དུ་གཙོ་གནད་ལས་དོན་དང་། ལས་འགན་གལ་ཆེན་། རྣམ་གྲངས་གལ་ཆེན་བཅས་ལ་སྐུལ་འདེད་དམ་འཛིན་བྱས་ཏེ་ལོ་ཧྲིལ་པོའི་ལས་དོན་ཡག་པོར་འགོ་ཚུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འཆར་འགོད་སྣེ་ཁྲིད་ལ་དམིགས་ཏེ་ཆུ་ནུས་དང་འོད་ནུས་སོགས་ཐོན་ཁུངས་གསར་སྤེལ་གཏིང་ཟབ་ནན་ཏན་གྱིས་ལེགས་པར་སྤེལ་ཏེ། ནུས་ཁུངས་གསར་པའི་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འདྲེས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ་དེང་རབས་གསོ་སྤེལ་ལས་རིགས་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཞིང་འབྲོག་ཐོན་རྫས་གལ་ཆེན་ཚད་ལྡན་ཅན་དང་། གཞི་ཁྱོན་ཆེ་བ། སྤུས་རྟགས་ཅན་བཅས་ཀྱི་ཆུ་ཚད་ཏན་ཏིག་གིས་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་མཉམ་འདྲེས་ལ་དམིགས་ཏེ་ཆུ་ཚད་མཐོ་བ་དང་རོལ་མྱོང་ལྡན་པའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་རྣམ་གྲངས་དེ་ཐུན་ཏེ་རྫོང་དུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་འབྲེལ་ཡོད་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注