གཅིག་སྒྲིལ་རྫོང་གི་ཉེན་རྟོག་པས་བདེ་འཇགས་དྲིལ་སྒྲོག་བྱ་བར་ཤུགས་བསྣན་པ།

ཁོངས་གཏོགས་སྡོད་དམང་ས་ཀྱི་བདེ་འཇགས་འདུ་ཤེས་ཇེ་མཐོར་གཏོང་བ་དང་། བདེ་འཇགས་ཤེས་བྱ་སྣ་ཚོགས་ཁྱབ་གདལ་དུ་གཏོང་བ། གཞི་རིམ་གྱི་བཅོས་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱ་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིག་རྫོང་གི་དཔལ་ཡུལ་ཞང་དང་སྦྲ་སར་ཞང་གི་མངགས་གཏོང་ཁང་གི་ལས་བྱེད་མི་སྣས་ཁོངས་གཏོགས་ས་ཁུལ་དུ་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་ནས།མང་ཚོགས་ཀྱི་ཞབས་ཞུའི་ཕན་ནུས་དང་ཕན་བདེའི་ངོ་བོ་ཇེ་མཐོར་བཏང་།

ད་ལོའི་ཚུན་ལ། ཉེན་རྟོག་མི་སྣས་དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་ཡིག་ཆ། དེ་མིན་དམངས་ཀྱི་གནས་ཚུལ་ཐོ་འགོད་བྱས་པའི་ཡིག་ཆ་སོགས་རྒྱབ་ཏུ་ཁུར་ནས། དགུན་དུས་ཀྱི་མེ་འགོག་དང་། རྐུན་འགོག མགོ་གཡོག་མགོ་སྐོར་སྔོན་འགོག་སོགས་ཀྱི་གནད་དོན་གཙོ་བོར་དམིགས་ཏེ། དྲིལ་སྒྲོག་དཔྱད་གཞི་འགྲེམ་སྤེལ་དང་། ཡུལ་དངོས་འགྲེལ་བཤད། གྱོད་དཔེ་དབྱེ་ཞིབ་སོགས་ཀྱི་རྣམ་པ་བརྒྱུད་འབྲོག་པ་མང་ཚོགས་ལ་སྔོན་འགོག་བྱེད་ཐབས་སྣ་ཚོགས་ངོ་སྤྲོད་ཞིབ་ཕྲ་བྱས། མགོ་གཡོག་སྔོན་འགོག་དྲིལ་སྒྲོག་བྱེད་སྐབས། ཉེན་རྟོག་པས་ཉེ་ལམ་བྱུང་བའི་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ། རྒྱུན་མཐོང་གི་མགོ་གཡོག་མགོ་སྐོར་བྱེད་ཐབས་དང་སྔོན་འགོག་བྱེད་ཐབས་ལ་གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ། སྡེ་མི་རྣམས་ལ་ཁ་པར་དང་ཆ་འཕྲིན་སྣ་ཚོགས་ལ་ལས་སླ་པོར་ཡིད་ཆེས་མི་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་དང་དངུལ་ཁང་བྱང་བུའི་ཨང་གྲངས་གང་འདོད་དུ་མི་བཤད་པ། དོགས་པ་ཡོད་པའི་གནས་ཚུལ་དང་འཕྲད་ན་དུས་ཐོག་ཏུ་ཉེན་རྟོག་པར་ཁ་པར་གཏོང་དགོས་པའི་དྲན་སྐུལ་བྱས།

རྒྱུས་ལོན་པ་ལྟར་ན། དཔལ་ཡུལ་ཞང་དང་སྦྲ་སར་ཞང་གིས་དྲིལ་སྒྲོག་བྱེད་ཤུགས་ལ་བསྟུད་མར་ཤུགས་བསྣན་ནས། དྲིལ་སྒྲོག་བྱེད་ཐབས་གསར་སྐྲུན་དང་། དུས་ལྟར་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་རིགས་སྤེལ་ནས། ཁོངས་གཏོགས་ས་ཁུལ་གྱི་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བྱ་བར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号