མགོན་པོ་བཀྲ་ཤིས་སྲིད་གྲོས་གྲོས་ཚོགས་ཀྱི་ཚན་ཁག་གི་གྲོས་སྡུར་ལ་ཞུགས།
ཟླ1ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུང་གོ་གུང་ཁྲན་ཏང་དང་སྤྱི་ཚོགས་ཚན་རིག་ཚན་ཆུང་གི་ཨུ་ཡོན་དང་མཉམ་དུ། སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་སྡུར་དང་སྙན་ཞུ་གཞན་པའི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གྲོས་སྡུར་ཁྲོད་ཞུགས།
གཡུ་སྒྲོན་མཚོ་དང་ཚེ་རིང་། ཀླུ་མཁར་རྒྱལ། ཧི་ཅི་ཧྥང་སོགས་ཨུ་ཡོན་གྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་འབྲེལ་ཞིང་། གྲུབ་འབྲས་སྤྱི་བསྡོམས་བྱས་པ་ཆ་ཚང་ཞིང་ཕུན་སུམ་ཚོགས་ལ། བྱ་བ་བཀོད་སྒྲིག་བྱས་པར་ཡིད་ཆེས་བརྟན་ཞིང་བྱེད་ཐབས་ནུས་ལྡན་ཡིན་ལ། ཚིག་འབྲི་རེ་རེ་ལས་རྣམ་པ་གསར་པ་དང་ཁག་ཁུར་གསར་པ། བྱེད་ཕྱོགས་གསར་པ་མངོན་ཡོད་པས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཡིད་ལ་འཛིན་པ་དང་དྲིན་ཚོར་ཡར་བརྩོན་བྱེད་པ། བློ་རྩ་བརྟན་པོ་དངོས་སྒྲུབ་བརྩོན་ལེན་བྱས་ནས་མུ་མཐུད་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་བར་སྐུལ་མ་ཐེབས་ཡོད་པར་འདོད། ཨུ་ཡོན་རྣམས་ཀྱིས་བལྟས་ན། རྒྱལ་དོན་དུ་འགན་སྒྲུབ་བྱེད་པ་དང་དམངས་དོན་དུ་འགན་འཁྲི་ཁུར་བ་ཐོག་མཐར་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་སྣེ་ཁྲིད་དང་། སྔར་ལས་རང་འགུལ་སྒོས་འགན་སྒྲུབ་མཐའ་འཁྱོལ་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པར་རྒྱལ་ཁ་ལེན་པ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་ཞིག་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པར་འདོད།
མགོན་པོ་བཀྲ་ཤིས་ཀྱིས་ཨུ་ཡོན་གྱི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་སྐབས་དང་འཁེལ་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་འགན་གནས་ལེགས་སྒྲིག་བྱས་རྗེས་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། གྲོས་ཚོགས་ཀྱི་དུས་ཡུན་ཐུང་ཞིང་ཕན་ནུས་མཐོ་ལ། ནང་དོན་ཕུན་སུམ་ཚོགས་ཤིང་གྲོས་སྡུར་གྱི་སྣང་ཚུལ་ལེགས་པ་དང་། བསམ་ཚུལ་དང་གྲོས་གཞི་བཏོན་པ་སྔར་ལས་ཚད་ལྡན་དང་སྔར་ལས་ཁ་གཏད་རང་བཞིན་ལྡན་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ཀྱི་ལངས་གནས་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་ཅེས་བསྟན།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཀྲུང་དབྱང་གི་དགོངས་པ་མཚོན་ཞིང་། ཞིང་ཆེན་ཏང་ཨུའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པས། ཡིད་ཆེས་མཐོར་འདེགས་དང་བློ་བསྐྱེད་ཡར་སྐུལ། ཆོད་སེམས་བརྟན་པོ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། བརྗེད་པར་དཀའ་ཞིང་ཆེས་སྤྱིར་བཏང་མིན་པའི་ལོ་འདིའི་ཐོབ་དཀའ་བའི་གྲུབ་འབྲས་མངོན་གསལ་ཅན་དག་ལ་ངོས་འཛིན་ཟབ་མོ་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་གཞི་གདངས་གཙོ་བོ་ཤེས་པར་བྱེད་པ་དང་། མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བའི་འགན་འཁྲིའི་བསམ་པ་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་རྒྱུན་དུ་སློབ་སྦྱོང་བྱས་ནས་དུས་རྒྱུན་གོ་རྟོགས་བསྐྱེད་དེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་ནས། མཚོ་སྔོན་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་འདྲེས་པར་སྐུལ་འདེད་གཏོང་བའི་ཁྲོད་དུ་སྲིད་གྲོས་ཀྱི་བྱེད་ནུས་མངོན་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་གཞིར་བཟུང་སྟེ། མཐོ་ས་དང་གནས་བཞི་བསྐྲུན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་འགོད་པ། མཐོ་སྒང་ཁམས་གསོ་སོགས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གྲོས་གཞི་གལ་ཆེན་ལ་དམིགས་ཏེ། སེམས་ཤུགས་མཉམ་འདོན་གྱིས་འབོད་སྐུལ་གཏོང་བ་དང་། བྱེད་ཐབས་རྩ་ཆེན་དང་བསམ་ཕྱོགས་གསར་པ། གྲོས་གཞི་བཟང་པོ་སྔར་ལས་གང་མང་བཏོན་ནས། སྲིད་གྲོས་ཀྱི་ནུས་པར་བརྟེན་ནས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་དགོས་ཞེས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注