མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཚོགས་སྒྲིག་རྣམ་པའི་ལས་ཞུགས་རྣམ་པ་ཟབ་སྤེལ་བྱས་ནས། སློབ་ཆེན་མཐར་ཕྱིན་སློབ་མར་ཐབས་ལམ་མང་པོའི་ལས་ཞུགས་སྟེགས་བུ་བསྐྲུན།
ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་གཏོང་བ་དང་། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཐབས་ལམ་རྒྱ་བསྐྱེད་ཆེད། ཉེ་སྔོན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་སློབ་གསོ་ཐིན་དང་མཉམ་འབྲེལ་བྱས་ནས་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ2025ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ཚོགས་སྒྲིག་རྣམ་པའི་ལས་ཞུགས་ལས་གཏོད་བྱ་བར་སྐུལ་འདེད་བཏང་བ་དང་། ཁུལ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ལ། ཞབས་ཞུའི་སྤུས་ནུས་ལེགས་སྒྱུར་བྱས་པ་དང་། ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་ནས། སློབ་ཆེན་མཐར་ཕྱིན་སློབ་མས་སྤུས་ཚད་མཐོ་བའི་ལས་ཞུགས་ལེགས་པོ་བྱེད་པར་སྐུལ་འདེད་བཏང་།
སློབ་ཆེན་སློབ་མ་ཚོགས་སྒྲིག་རྣམ་པས་ཞིང་ཆེན་ཕྱི་རུ་སོང་ནས་དངོས་སྦྱོང་གསབ་སྦྱོང་དང་ལས་ཞུགས་དངོས་སྦྱོང་། ལག་རྩལ་གསབ་སྦྱོང་། ལས་ཞུགས་ལས་གཏོད་བྱེད་པ་བཅས་ཀྱི་དམིགས་འབེན་ལས་འགན་ཞིབ་ཕྲ་བཟོས་པ་བརྒྱུད། ཤར་ནུབ་རྒྱུད་ཀྱི་ངལ་རྩོལ་མཉམ་ལས་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་རྨ་ཆུའི་འབབ་རྒྱུད་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་མཉམ་ལས་དང་ས་ཁོངས་ཁྱིམ་མཚེས་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ། ཚོགས་སྒྲིག་རྣམ་པའི་ལས་ཞུགས་ལས་གཏོད་མཉམ་ལས་རྐྱེན་སྲོལ་འཐུས་ཚང་བཙུགས་པ་དང་། ཞིང་ཆེན་ཕྱིའི་ཐོན་ལས་གླིང་ཁུལ་དང་ཁེ་ལས་གཙོ་བོའི་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་བསྣན་ལ། ལས་འགན་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས། མཁོ་འདོན་ཆ་སྡེབ་གནད་འཁེལ་ནུས་མཐོ་ཡོང་བར་སྐུལ་འདེད་བཏང་། སློབ་ཆེན་མཐར་ཕྱིན་སློབ་མས་ཕྱི་ནས་ལས་ཞུགས་བྱེད་པའི་འདོད་མོས་ལ་རྟོག་ཞིབ་བྱེད་པར་སྔར་ལས་ཤུགས་བསྣན་པ་དང་། དུས་ལྟར་སློབ་ཆེན་མཐར་ཕྱིན་སློབ་མས་ལས་ཀ་བཙལ་བའི་དགོས་མཁོ་དང་ཁེ་ལས་ཀྱི་ལས་གནས་ཆ་འཕྲིན་ཡང་དག་པའི་སྒོ་ནས་བསྡུ་ལེན་དང་བརྒྱུད་སྤྲོད་བྱས་ཏེ། འགུལ་རྣམ་གྱིས་ཚོགས་སྒྲིག་རྣམ་པའི་ལས་ཞུགས་དགོས་མཁོའི་རྩིས་ཐོ་གསར་སྒྱུར་བྱས། རང་ཞིང་གི་སློབ་ཆེན་དང་ཞིང་ཆེན་ཕྱིའི་ཁེ་ལས་གཙོ་བོའི་མཉམ་ལས་རྐྱེན་སྲོལ་སྔར་ལས་ཟབ་སྤེལ་བྱས་ནས། ལས་རིགས་ལག་རྩལ་སློབ་གླིང་དང་དམངས་སྒྲུབ་ལས་རིགས་གསོ་སྦྱོང་ལས་ཁུངས་སོགས་ཀྱིས་ཁེ་ལས་གཙོ་བོའི་ལས་རིགས་ལ་དམིགས་ནས་བསླབ་ཚན་བཀོད་སྒྲིག་དང་གསོ་སྦྱོང་རྩ་འཛུགས་བྱེད་པར་ཁྲིད་སྟོན་བྱས་པ་དང་། ཁེ་ལས་དང་སློབ་གྲྭ་གཉིས་ཀྱིས་སློབ་མ་སྐྱེད་སྲིང་བྱེད་པ་དང་། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སོགས་ཀྱི་རྣམ་པ་བརྒྱུད། མཐར་ཕྱིན་སློབ་མའི་ལས་ཞུགས་ནུས་པ་མཐོར་འདེགས་བཏང་།
དེ་ལས་གཞན། བརྒྱུད་རིམ་ཧྲིལ་བོའི་རྗེས་འདེད་ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་པ་དང་། ཕྱིར་གཏོང་གཅིག་སྡུད་ས་ཁུལ་དུ་ལས་ཞུགས་ཞབས་ཞུའི་ས་ཚིགས་དང་ཞབས་ཞུའི་མི་སྣ་བཀོད་སྒྲིག་བྱས། ཁེ་དབང་འགན་སྲུང་དང་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཁེ་དབང་སྲུང་སྐྱོབ་ཐབས་ལམ་བཀག་མེད་ཡོང་བར་བྱས་ནས། ལས་མི་བཀོལ་བའི་ལས་ཁུངས་ཀྱིས་དུས་ལྟར་མཐར་ཕྱིན་སློབ་མའི་སྤྱི་ཚོགས་འགན་བཅོལ་དངུལ་སྤྲོད་པ་དང་གླ་ཕོགས་སྟེར་བར་མཐུན་སྦྱོར་དང་སྐུལ་འདེད་བཏང་། དུས་བཅད་ཀྱི་བཅར་འདྲིའི་རྐྱེན་སྲོལ་བཙུགས་པ་དང་། འགལ་བ་དང་དཀའ་ཁག་ཐག་གཅོད་བྱས་ཏེ། མཐར་ཕྱིན་སློབ་མའི་ལས་ཞུགས་གཏན་འཇགས་ལ་ཁག་ཐེག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注