མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་རུ་ཁག་གི་འཚམས་འདྲི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས།
ཟླ1པའི་ཚེས23ཉིན་གྱི་ཕྱི་དྲོར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་རུ་ཁག་གི་འཚམས་འདྲི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་དེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་འབད་པས་ཞུགས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དངོས་བརྒྱུད་ཀྱི་མྱོང་སྣང་རྣལ་མ་དེ་ཉིད་མི་ཚེ་གང་བོར་གཅེས་སྤྲས་བྱེད་རིན་ཡོད་པའི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་འགྱུར་བར་འབད་དགོས་ཞེས་སྐུལ་ལྕག་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་ཐོག་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་སྐོར་ཁག་ལྔ་པའི་ལས་བྱེད་པ་དང་འཇོན་མིའི་སྤྱིའི་རུ་གཙོ་ཞུས་ཞའོ་པེན་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་བྱ་བའི་རུ་གཙོ་ལིས་ཡུས་ཧའེ་དང་ཕེ་ཀྲི། ཀྲའོ་ཡུང་། ཝང་ཁའེ། ཀྲན་མའོ་ཝེ། རུང་ཧུང་ཀྲི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་དངོས་བརྒྱུད་ཀྱི་མྱོང་བ་དང་འཆར་གཞི་གླེང་ནས། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་བརྩེ་དུང་ཟབ་མོ་དང་འཕེལ་རྒྱས་མཉམ་གླེང་བྱས་ནས་ལུགས་རྙིང་ལོ་སར་མཉམ་དུ་བསུས་པར་བརྟེན། ཡུལ་དངོས་ཀྱི་རྣམ་པ་གསོན་ཉམས་ཅན་དུ་གྱུར། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས། ཚང་མས་ལོ་གཅིག་གི་རིང་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི། དེ་བཞིན་ཁོ་ཚོའི་ནང་མི་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་བྱས་པར་མ་ཟད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོ་དང་། ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཀྲུང་དབྱང་ཁེ་ལས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཅན་བླངས་པ་དེས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་སྒོས་མངོན་ཡོད་ཅིང་། མཚོ་སྔོན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་གང་ལེགས་སྒོས་ཚོར་ཐུབ་ཡོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་གཞག་ལ་གཟི་བརྗིད་ཧ་ཅང་ཆེན་པོ་ལྡན་པས། ཚང་མས་ཏང་གི་མངགས་བཅོལ་ཟབ་མོ་དང་མི་དམངས་ཀྱི་རེ་ལྟོས་སྟོང་ཟད་དུ་མི་གཏོང་བ་དང་། ངར་ཤུགས་རྒྱུན་འཁྱོངས་དང་འབད་འབུངས་ལྷོད་མེད་བྱས་ནས། མུ་མཐུད་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་དེར་སྐུལ་འདེད་གཏོང་མཁན། བྱས་རྗེས་འཇོག་མཁན་བཅས་ཡག་པོ་བྱེད་རྒྱུའི་རེ་བ་ཡོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་གཞག་ལ་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད་པར་བརྟེན། ཚང་མས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། མཚོ་སྔོན་གྱི་རོགས་སྐྱོར་མ་དངུལ་དང་ལས་གཞི། ཐོན་ཁུངས་བཅས་བེད་སྤྱོད་གང་ལེགས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་ཕྱོགས་སུ་དམ་པོར་དམིགས་ནས། མཚོ་སྔོན་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་ཆེན་པོ་འདོན་སྤེལ་བྱེད་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་གཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ། ཚང་མས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་རབས་སོ་སོས་བཞག་པའི་སྙིང་སྟོབས་རྩ་ཆེན་རྒྱུན་འཛིན་དང་དར་སྤེལ་བྱས་ནས། ཚོང་འགུག་དངུལ་འདྲེན་དང་ཐོན་ལས་འཕེལ་རྒྱས། ལས་གཞིར་སྐུལ་འདེད་གཏོང་བ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”སོགས་གཙོ་གནད་ལས་དོན་ཁྲོད་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གང་ལེགས་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་རེ་ལྟོས་ཆེ།
ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཐུགས་ཁུར་ཟབ་མོ་གནང་ནས་ མངགས་བཅོལ་ཟབ་མོ་གནང་བ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས། རོགས་སྐྱོར་ཕྱོགས་ཀྱི་ལེགས་ཆ་དང་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དུས་ཡུན་དང་སྦྱོང་བརྡར་བྱེད་པའི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་ཏེ།“མཚོ་སྔོན་ལ་རོགས་སྐྱོར་བྱེད་ཐེངས་དེ་ཉིད་རང་གི་མི་ཚེ་གང་བོའི་མཚོ་སྔོན་གྱི་བརྩེ་བ”བསྒྱུར་ནས། ལས་གཞིར་སྐུལ་འདེད་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་རྒྱུ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཐད་ལ་ངོ་སྤྲོད་གང་ལེགས་བྱེད་པ། མི་གཞུང་རིག་གནས་བརྗེ་རེས་མུ་མཐུད་ཟབ་སྤེལ་བཏང་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་དང་ཤར་ནུབ་རྒྱུད་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ།
ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥུན་བཅས་ཚོགས་འདུར་ཞུགས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཀྲུང་དབྱང་གི་ལས་ཁུངས་དང་དེ་བཞིན་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ལས་དོན་རུ་ཁག་གི་འཐུས་མི་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注