ལྗང་མདོག་གི་སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་གཏོང་དགོས།
ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ཤར་མདའ་གྲོང་ཚོའི་རུ་ཁག་དང་པོའི་གྲོང་མི་མེ་ཏོག་ལྷ་མོ།
ཉེ་བའི་ལོ་ཤས་རིང་ནང་ཆེན་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་སྤྱི་ཕན་ལས་གནས་གསར་སྤེལ་བྱེད་པར་སྐུལ་འདེད་བཏང་བ་དང་སྐྱེ་ཁམས་སྲུང་སྐྱོང་བྱས་པ་ལས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དེས་འཕེལ་རྒྱས་ཀྱི་གོ་སྐབས་མི་ཉུང་བ་ཞིག་ཁྱེར་ཡོང་ནས་ང་དང་འདྲ་བའི་མི་མི་ཉུང་བ་ཞིག་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཡིད་དབང་བཀུག་ཡོད། ངས་རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་མི་སྔར་ལས་མང་བའི་སྣེ་ཁྲིད་དེ།“ལྗང་མདོག་གི་ཕོར་བ”བཟུང་ནས“སྐྱེ་ཁམས་ཀྱི་ཟས”ལ་བརྟེན་ཏེ། རི་སྔོ་ཆུ་དྭངས་དེ་དངོས་གནས་གསེར་རི་དང་དངུལ་རི་ཞིག་ཏུ་འགྱུར་པར་རེ་བ་བྱེད་བཞིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注