རང་ཞིང་གི་རོང་འབྲོག་ཁུལ་གྱི་སྤྱི་ཕན་གློག་བརྙན་སྟོན་པའི་ལས་སྒྲུབ་མི་སྣ་སྐོར་ཞིག་ལ་གཟེངས་བསྟོད་ཐོབ།
ཟླ1ཚེས8ཉིན། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སྤྱི་ཕན་གློག་བརྙན་ལས་དོན་གསོ་སྦྱོང་དང2024ལོའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས་ཏེ། ལོ་མང་པོར་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མཁན2དང་ཞིང་ཆེན་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མཁན2། 2024ལོའི་གཞི་རིམ་གྱི་ཕུལ་བྱུང་གློག་བརྙན་སྟོན་མཁན་རུ་ཁག་གི་རུ་དཔོན་དང་ཕུལ་བྱུང་བྱ་བ་སྒྲུབ་མཁན6། ཕུལ་བྱུང་གློག་བརྙན་སྟོན་མཁན15ལ་གཟེངས་བསྟོད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། གྲོང་གསེབ་ཏུ་གློག་བརྙན་སྟོན་པའི“2131བཟོ་འགོད”ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་གྱི་སྤྱི་ཕན་གློག་བརྙན་སྟོན་པའི་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་མགྱོགས་པོ་བྱུང་ནས། བརྩེ་སེམས་ལྡན་པ་དང་། ཁག་ཁུར་ཕོད་པ། ལས་བཀུར་ལས་བརྩོན། རང་འགན་ནན་སྒྲུབ་བཅས་ཀྱི་ཕུལ་བྱུང་གློག་བརྙན་སྟོན་མཁན་སྐོར་ཞིག་ཐོན་ཡོད། ཁོ་ཚོས་ལས་འགན་ལྗིད་མོ་ཡོངས་འགྲུབ་བྱས་པའི་དུས་མཚུངས་སུ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་རྩྭ་སའི་མེ་ཟོན་དང་གནོད་འཚེ་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་དང་། བཅའ་ཁྲིམས་ཁྱབ་གདལ། དུག་འགོག་དྲིལ་བསྒྲགས། ཁྱིམ་མཚེས་འཆམ་མཐུན། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཐད་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་ལ་རམ་འདེགས་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། ཁོ་ཚོར་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་དང་། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས། རྒྱལ་ཡོངས་ཀྱི་དུག་འགོག་ལས་དོན་གྱི་སྔོན་ཐོན་མི་སྒེར། སྐབས་དང་པོའི་རྒྱལ་ཡོངས་ཀྱི119མེ་ཟོན་སྔོན་ཐོན་མི་སྒེར། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་བ། མཚོ་སྔོན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས། མཚོ་སྔོན་གྱི་མི་བཟང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས་སྤྱི་ཕན་གློག་བརྙན་སྟོན་པའི་མི་སྣའི་གཟི་བརྗིད་དུ་གྱུར་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་སུ་ད་ཡོད་ཀྱི་རོང་འབྲོག་ཁུལ་གྱི་སྐོར་སྐྱོད་གློག་བརྙན་སྟོན་མཁན་རུ་ཁག216ཡོད་པ་དེ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ4169ལ་ཁྱབ་ཡོད། ལོ་རེར་སྤྱི་ཕན་གློག་བརྙན་ཐེངས་ཁྲི་ལྔ་ལྷག་སྟོན་བཞིན་ཡོད་པ་དང་། 2024ལོའི་ལོ་མཇུག་བར་དམངས་ཕན་གློག་བརྙན་ཁང་གིས་སྤྱི་ཕན་གློག་བརྙན་སྟོན་པའི་ལས་འགན་ཚད་ལས་བརྒལ་བའི་ངང་ཡོངས་འགྲུབ་བྱས་ནས། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注