དགའ་བདེ་རྫོང་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་བསལ་བ།
ད་ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་སྡེ་བའི་ལས་བྱེད་པས་གཞི་རིམ་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་བའི་བཟོ་འགོད་བླང་བྱ་གཟབ་ནན་གྱིས་དངོས་འབེབས་བྱེད་པ་དང་། རང་རྫོང་གི་དངོས་ཡོད་ལ་ཟུང་འབྲེལ་བྱེད་པ། བྱ་བ་རབ་དང་རིམ་པ་ཞིབ་ཕྲའི་བྱེད་སྟངས་སུ་བསྒྱུར་ཏེ། འབྲོག་ཁུལ་གྱི་སྡེ་བའི་ལས་བྱེད་པས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཞན་པ་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་མི་ལེགས་པའི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ།དགའ་བདེ་རྫོང་གིས་གཞི་རིམ་དངོས་ཡོད་ལ་རྐང་བཙུགས་པ་དང་། སྡེ་བའི་ལས་བྱེད་པས“ལས་རྐང་དངོས་སྦྱོང”གི་གསོ་སྐྱོང་བྱ་འགུལ་དང་སྡེ་བའི་ལས་བྱེད་པས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག”ལེགས་པོར་སྤྱོད་པའི་བྱ་འགུལ། སྡེ་བའི་ལས་བྱེད་པས་ལས་འགན་འཁུར་བའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་བྱ་འགུལ་བཅས་སྤེལ་ཞིང་། སྡེ་བའི་ལས་བྱེད་པའི་བྱང་ཚད་སྔར་བས་ཇེ་མཐོར་བཏང་སྟེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས། སྡེ་བའི་ལས་བྱེད་པའི་དཀའ་གནད་བསལ་བར་དམིགས་པ་དང་། མཐིལ་རྟོགས་པར་རྐང་བཙུགས་པ། འཇོན་མི་བདམས་པར་ཤུགས་བསྣན་ཏེ། གྲལ་བཤེར་འགུལ་སྐྱོད་དང“འགོ་ཁུངས་སྒུལ་ཤུགས”བྱ་འགུལ།“གསར་བསྒྱུར་རབས་བརྗེ”བྱ་འགུལ་ལག་བསྟར་བྱས། བཅོས་སྐྱོང་མ་དཔེ་གསར་སྐྲུན་དང་། སྡེ་བའི་ལས་བྱེད་པའི་དོ་དམ་དང་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བར། ཏང་འཛུགས་སྐྲུན་ལེགས་འཛིན་དང་དངོས་འབེབས་སྐུལ་འདེད་ཀྱི“སྣེ་སྦྲེལ་མཉམ་སྐྲུན”བྱ་འགུལ་དང་སྡེ་བའི་བཅོས་སྐྱོང་གི“བསྟོད་སྨད་བསྒྲགས་ཡིག”བྱ་འགུལ། གཞི་རིམ་བཅོས་སྐྱོང་གི“ཏང་འཛུགས་སྐྲུན+སྐར་བསགས་སྒོ་རྩིས་ཚོང་ཁང”གི་འགུལ་སྐྱོད་བཅས་ཁྱབ་གདལ་དུ་བཏང་སྟེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་བསལ།
ད་ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་སྡེ་བའི་ལས་བྱེད་པས་གཞི་རིམ་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་བའི་བཟོ་འགོད་བླང་བྱ་གཟབ་ནན་གྱིས་དངོས་འབེབས་བྱེད་པ་དང་། རང་རྫོང་གི་དངོས་ཡོད་ལ་ཟུང་འབྲེལ་བྱེད་པ། བྱ་བ་རབ་དང་རིམ་པ་ཞིབ་ཕྲའི་བྱེད་སྟངས་སུ་བསྒྱུར་ཏེ། འབྲོག་ཁུལ་གྱི་སྡེ་བའི་ལས་བྱེད་པས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཞན་པ་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་མི་ལེགས་པའི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ།
དགའ་བདེ་རྫོང་གིས་གཞི་རིམ་དངོས་ཡོད་ལ་རྐང་བཙུགས་པ་དང་། སྡེ་བའི་ལས་བྱེད་པས“ལས་རྐང་དངོས་སྦྱོང”གི་གསོ་སྐྱོང་བྱ་འགུལ་དང་སྡེ་བའི་ལས་བྱེད་པས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག”ལེགས་པོར་སྤྱོད་པའི་བྱ་འགུལ། སྡེ་བའི་ལས་བྱེད་པས་ལས་འགན་འཁུར་བའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་བྱ་འགུལ་བཅས་སྤེལ་ཞིང་། སྡེ་བའི་ལས་བྱེད་པའི་བྱང་ཚད་སྔར་བས་ཇེ་མཐོར་བཏང་སྟེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས། སྡེ་བའི་ལས་བྱེད་པའི་དཀའ་གནད་བསལ་བར་དམིགས་པ་དང་། མཐིལ་རྟོགས་པར་རྐང་བཙུགས་པ། འཇོན་མི་བདམས་པར་ཤུགས་བསྣན་ཏེ། གྲལ་བཤེར་འགུལ་སྐྱོད་དང“འགོ་ཁུངས་སྒུལ་ཤུགས”བྱ་འགུལ།“གསར་བསྒྱུར་རབས་བརྗེ”བྱ་འགུལ་ལག་བསྟར་བྱས། བཅོས་སྐྱོང་མ་དཔེ་གསར་སྐྲུན་དང་། སྡེ་བའི་ལས་བྱེད་པའི་དོ་དམ་དང་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བར། ཏང་འཛུགས་སྐྲུན་ལེགས་འཛིན་དང་དངོས་འབེབས་སྐུལ་འདེད་ཀྱི“སྣེ་སྦྲེལ་མཉམ་སྐྲུན”བྱ་འགུལ་དང་སྡེ་བའི་བཅོས་སྐྱོང་གི“བསྟོད་སྨད་བསྒྲགས་ཡིག”བྱ་འགུལ། གཞི་རིམ་བཅོས་སྐྱོང་གི“ཏང་འཛུགས་སྐྲུན+སྐར་བསགས་སྒོ་རྩིས་ཚོང་ཁང”གི་འགུལ་སྐྱོད་བཅས་ཁྱབ་གདལ་དུ་བཏང་སྟེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་བསལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注