དར་ལག་རྫོང་སྤྱི་བདེ་ཅུས་ཀྱིས་ཐུགས་ཁུར་ཟབ་མོས་ཉེན་རྟོག་ལས་དོན་གྱི་འཐབ་ལམ་གསར་པར་རོགས་འདེགས་བྱས།
ཟླ12པའི་ཚེས23ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཨུའི་རྒྱུན་ཨུའམ་རྒྱུ་སྨད་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གསར་ཆུང་གིས་དར་ལག་རྫོང་སྤྱི་བདེ་ཅུས་རྒྱུ་སྨད་མངགས་གཏོང་ཁང་གི་སུའོ་ཀྲང་རྒན་པའི་མིང་ཐོག་ནས། སྤྱི་བདེ་ལས་དོན་ལ་བཟུང་བའི་བརྩེ་བ་ཟབ་མོ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་གིས་དར་ལག་རྫོང་སྤྱི་བདེ་ཅུས་རྒྱུ་སྨད་མངགས་གཏོང་ཁང་ལ་སོང་ནས་མཛུབ་སྟོན་ལྟ་ཞིབ་བྱས་ཏེ། འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཞིང་ཁ་ཕྱོགས་གསལ་པོ་བསྟན། མངའ་ཁུལ་ལ་སོང་ནས་ལྟ་ཞིབ་བྱས་ཏེ་སྔོན་གྱི་བྱས་རྗེས་ཕྱིར་དྲན་བྱས།རྒྱུན་ཨུ་གསར་འགྱུར་ཐོག་མར་འགྲེམས་བྱང་འགྲེམས་སྟོན་ཁུལ་དུ་སོང་སྟེ། མངགས་གཏོང་ཁང་གི་འཕེལ་རྒྱས་བརྒྱུད་རིམ་དང་ཉེ་ལམ་གྱི་གཙོ་གནད་བྱ་བ། གྲུབ་འབྲས་བཅས་ལ་ཞིབ་ཏུ་ཉན་ནས་ཞིབ་ཕྲའི་གནས་ཚུལ་དྲིས། དུས་ཚོད24དམངས་བདེ་ཞབས་ཞུ་ས་ཚིགས་སུ། ཁོས་ལས་རེས་མི་དམངས་ཉེན་རྟོག་པ་དང་བརྗེ་རེས་ཟབ་མོ་བྱས་པ་དང་། མང་ཚོགས་ཀྱི་ལས་སྒྲུབ་གོ་རིམ་དང་སྣེ་ལེན་བྱེད་ཚད། རྒྱུན་མཐོང་གི་རེ་བ་ཐག་གཅོད་བྱས་པའི་གནས་ཚུལ་བཅས་ལ་ཉན་པ་དང་། ཞབས་ཞུ་ས་ཚིགས་ཀྱི་དམངས་བདེ་ཞབས་ཞུ་ལ་ཚད་མཐོའི་གདེང་འཇོག་བྱས། གཟི་བརྗིད་ཁང་ལ་སོང་ནས་གྱང་ངོས་བཀང་པའི་བྱ་དགའ་དང་གོས་དར་མཐོང་བ་ན། རྒྱུན་ཨུ་གསར་ཆུང་གིས་མི་དམངས་ཉེན་རྟོག་པ་དང་མཉམ་དུ་འབད་བརྩོན་གྱི་གཏམ་རྒྱུད་ལ་ཕྱིར་དྲན་བྱས་པ་དང་། གཟི་བརྗིད་ལ་གཙིགས་མཐོང་བྱེད་པ་དང་དེ་སྒུལ་ཤུགས་སུ་བསྒྱུར་དགོས་པ་ནན་གྱིས་བསྟན། བཀོད་འདོམས་ཁང་ནས་རྒྱུན་ཨུ་གསར་ཆུང་གིས་བྱ་བའི་སྙན་ཞུར་ཉན་པ་དང་། བདེ་སྲུང་བརྟན་བརླིང་སྲུང་སྐྱོབ་བྱེད་པའི་ཁྲོད་གནད་འགག་གི་ནུས་པ་ཐོན་པར་བསྟོད་བསྔགས་བྱས་པ་མ་ཟད། ཇི་ལྟར་མངགས་གཏོང་བཀོད་འདོམས་གནད་ལ་ཁེལ་བ་དང་། ནུས་མཐོ་དང་ཚན་རིག་དང་མཐུན་པར་གྲོས་གཞི་བཏོན་པ་མ་ཟད། བྱ་བ་ལེགས་བསྒྱུར་གྱི་ཁ་ཕྱོགས་གསལ་པོར་བསྟན།བཞུགས་མོལ་ཚོགས་འདུ་འཚོགས་ནས་འབད་བརྩོན་གྱི་ཁ་ཕྱོགས་གཏན་འཁེལ་བྱས།ལྟ་ཞིབ་མཇུག་བསྒྲིལ་རྗེས། རྒྱུན་ཨུ་གསར་ཆུང་དང་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས། ཁོས“གཟི་བརྗིད་ལ་མཐོང་ཆེན། སྣང་བརྙན་ལེགས་བསྐྲུན། མཚན་སྙན་བརྩི་སྲུང་། དྲང་གཞག་ཁྲིམས་སྐྱོང་། མང་ཚོགས་ཀྱི་ཡིད་ཚིམ་པའི་བྱ་བ་མང་པོ་སྒྲུབ་པའི”བརྗོད་དོན་ལྟེ་བར་བཟུང་ནས་བླང་བྱ་གསལ་པོ་དང་རེ་བ་ཆེན་པོ་བཏོན། རྒྱུན་ཨུ་གསར་ཆུང་གིས་བསྟན་དོན། མངགས་གཏོང་ཁང་ནི་གཞི་རིམ་ཉེན་རྟོག་ལས་དོན་གྱི་ལས་ཡུལ་དང་པོ་ཡིན་པ་དང་། སྤྱོད་པ་རེ་རེར་དོ་སྣང་བྱེད་དགོས་ལ། མི་དམངས་ཉེན་རྟོག་པས་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དང་། མངའ་ཁུལ་གྱི་བརྟན་བརླིང་སྲུང་སྐྱོབ་བྱེད་པ། དྲང་གཞག་འདྲ་མཉམ་དང་སྤྱོད་གཙང་ཁྲིམས་སྐྱོང་། འབྲེལ་བ་འཛིན་པ་དང་བརྩེ་བ་འཛིན་པ་གཏན་འགོག་བྱེད་དགོས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཐད་ནས། རང་འགུལ་གྱིས་གཞི་རིམ་ལ་འགྲོ་བ་དང་། མང་ཚོགས་ཀྱི་དགོས་མཁོར་རྒྱུས་ལོན་བྱེད་པ། ཁྱིམ་ཚང་ལ་སོང་ནས་འཚམས་འདྲི་དང་། འགལ་བའི་རྩོད་གཞི་སེལ་བ། བདེ་འཇགས་དྲིལ་སྒྲོག་ལ་ཤུགས་སྣོན་པ། ཉེན་རྟོག་པ་དང་མང་ཚོགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བ་འཛུགས་སྐྲུན་བྱེད་དགོས།སྤོབས་པར་སྐུལ་སློང་བྱས་ནས་མཚར་སྡུག་གི་ལེའུ་གསར་པ་མུ་མཐུད་དུ་འབྲི་བ།རྒྱུན་ཨུ་གསར་ཆུང་གིས་ཐེངས་འདིའི་མཛུབ་སྟོན་ལྟ་ཞིབ་ཀྱིས། རྒྱུ་སྨད་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་ལ་སྐུལ་མ་ཆེན་པོ་ཐོབ་པ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་རྒྱུར། ཐེངས་འདི་གོ་སྐབས་དང་འགོ་རྩོམ་ས་གསར་པར་བཟུང་སྟེ། སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་དང་། གཟི་བརྗིད་གྲུབ་འབྲས་ལ་གཅེས་འཛིན། ཚད་གཞི་མཐོན་པོ་དང་རེ་བ་མཐོན་པོས་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། རྒྱུ་སྨད་གྲོང་རྡལ་དང་རྫོང་ཡོངས་ཀྱི་བརྟན་བརླིང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ཏེ། མངགས་གཏོང་ཁང་གི་བྱ་བའི་ལེའུ་གསར་པ་མུ་མཐུད་དུ་བྲི་རྒྱུ་ཡིན། །
ཟླ12པའི་ཚེས23ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཨུའི་རྒྱུན་ཨུའམ་རྒྱུ་སྨད་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གསར་ཆུང་གིས་དར་ལག་རྫོང་སྤྱི་བདེ་ཅུས་རྒྱུ་སྨད་མངགས་གཏོང་ཁང་གི་སུའོ་ཀྲང་རྒན་པའི་མིང་ཐོག་ནས། སྤྱི་བདེ་ལས་དོན་ལ་བཟུང་བའི་བརྩེ་བ་ཟབ་མོ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་གིས་དར་ལག་རྫོང་སྤྱི་བདེ་ཅུས་རྒྱུ་སྨད་མངགས་གཏོང་ཁང་ལ་སོང་ནས་མཛུབ་སྟོན་ལྟ་ཞིབ་བྱས་ཏེ། འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཞིང་ཁ་ཕྱོགས་གསལ་པོ་བསྟན།
མངའ་ཁུལ་ལ་སོང་ནས་ལྟ་ཞིབ་བྱས་ཏེ་སྔོན་གྱི་བྱས་རྗེས་ཕྱིར་དྲན་བྱས།
རྒྱུན་ཨུ་གསར་འགྱུར་ཐོག་མར་འགྲེམས་བྱང་འགྲེམས་སྟོན་ཁུལ་དུ་སོང་སྟེ། མངགས་གཏོང་ཁང་གི་འཕེལ་རྒྱས་བརྒྱུད་རིམ་དང་ཉེ་ལམ་གྱི་གཙོ་གནད་བྱ་བ། གྲུབ་འབྲས་བཅས་ལ་ཞིབ་ཏུ་ཉན་ནས་ཞིབ་ཕྲའི་གནས་ཚུལ་དྲིས། དུས་ཚོད24དམངས་བདེ་ཞབས་ཞུ་ས་ཚིགས་སུ། ཁོས་ལས་རེས་མི་དམངས་ཉེན་རྟོག་པ་དང་བརྗེ་རེས་ཟབ་མོ་བྱས་པ་དང་། མང་ཚོགས་ཀྱི་ལས་སྒྲུབ་གོ་རིམ་དང་སྣེ་ལེན་བྱེད་ཚད། རྒྱུན་མཐོང་གི་རེ་བ་ཐག་གཅོད་བྱས་པའི་གནས་ཚུལ་བཅས་ལ་ཉན་པ་དང་། ཞབས་ཞུ་ས་ཚིགས་ཀྱི་དམངས་བདེ་ཞབས་ཞུ་ལ་ཚད་མཐོའི་གདེང་འཇོག་བྱས། གཟི་བརྗིད་ཁང་ལ་སོང་ནས་གྱང་ངོས་བཀང་པའི་བྱ་དགའ་དང་གོས་དར་མཐོང་བ་ན། རྒྱུན་ཨུ་གསར་ཆུང་གིས་མི་དམངས་ཉེན་རྟོག་པ་དང་མཉམ་དུ་འབད་བརྩོན་གྱི་གཏམ་རྒྱུད་ལ་ཕྱིར་དྲན་བྱས་པ་དང་། གཟི་བརྗིད་ལ་གཙིགས་མཐོང་བྱེད་པ་དང་དེ་སྒུལ་ཤུགས་སུ་བསྒྱུར་དགོས་པ་ནན་གྱིས་བསྟན། བཀོད་འདོམས་ཁང་ནས་རྒྱུན་ཨུ་གསར་ཆུང་གིས་བྱ་བའི་སྙན་ཞུར་ཉན་པ་དང་། བདེ་སྲུང་བརྟན་བརླིང་སྲུང་སྐྱོབ་བྱེད་པའི་ཁྲོད་གནད་འགག་གི་ནུས་པ་ཐོན་པར་བསྟོད་བསྔགས་བྱས་པ་མ་ཟད། ཇི་ལྟར་མངགས་གཏོང་བཀོད་འདོམས་གནད་ལ་ཁེལ་བ་དང་། ནུས་མཐོ་དང་ཚན་རིག་དང་མཐུན་པར་གྲོས་གཞི་བཏོན་པ་མ་ཟད། བྱ་བ་ལེགས་བསྒྱུར་གྱི་ཁ་ཕྱོགས་གསལ་པོར་བསྟན།
བཞུགས་མོལ་ཚོགས་འདུ་འཚོགས་ནས་འབད་བརྩོན་གྱི་ཁ་ཕྱོགས་གཏན་འཁེལ་བྱས།
ལྟ་ཞིབ་མཇུག་བསྒྲིལ་རྗེས། རྒྱུན་ཨུ་གསར་ཆུང་དང་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས། ཁོས“གཟི་བརྗིད་ལ་མཐོང་ཆེན། སྣང་བརྙན་ལེགས་བསྐྲུན། མཚན་སྙན་བརྩི་སྲུང་། དྲང་གཞག་ཁྲིམས་སྐྱོང་། མང་ཚོགས་ཀྱི་ཡིད་ཚིམ་པའི་བྱ་བ་མང་པོ་སྒྲུབ་པའི”བརྗོད་དོན་ལྟེ་བར་བཟུང་ནས་བླང་བྱ་གསལ་པོ་དང་རེ་བ་ཆེན་པོ་བཏོན། རྒྱུན་ཨུ་གསར་ཆུང་གིས་བསྟན་དོན། མངགས་གཏོང་ཁང་ནི་གཞི་རིམ་ཉེན་རྟོག་ལས་དོན་གྱི་ལས་ཡུལ་དང་པོ་ཡིན་པ་དང་། སྤྱོད་པ་རེ་རེར་དོ་སྣང་བྱེད་དགོས་ལ། མི་དམངས་ཉེན་རྟོག་པས་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དང་། མངའ་ཁུལ་གྱི་བརྟན་བརླིང་སྲུང་སྐྱོབ་བྱེད་པ། དྲང་གཞག་འདྲ་མཉམ་དང་སྤྱོད་གཙང་ཁྲིམས་སྐྱོང་། འབྲེལ་བ་འཛིན་པ་དང་བརྩེ་བ་འཛིན་པ་གཏན་འགོག་བྱེད་དགོས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཐད་ནས། རང་འགུལ་གྱིས་གཞི་རིམ་ལ་འགྲོ་བ་དང་། མང་ཚོགས་ཀྱི་དགོས་མཁོར་རྒྱུས་ལོན་བྱེད་པ། ཁྱིམ་ཚང་ལ་སོང་ནས་འཚམས་འདྲི་དང་། འགལ་བའི་རྩོད་གཞི་སེལ་བ། བདེ་འཇགས་དྲིལ་སྒྲོག་ལ་ཤུགས་སྣོན་པ། ཉེན་རྟོག་པ་དང་མང་ཚོགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བ་འཛུགས་སྐྲུན་བྱེད་དགོས།
སྤོབས་པར་སྐུལ་སློང་བྱས་ནས་མཚར་སྡུག་གི་ལེའུ་གསར་པ་མུ་མཐུད་དུ་འབྲི་བ།
རྒྱུན་ཨུ་གསར་ཆུང་གིས་ཐེངས་འདིའི་མཛུབ་སྟོན་ལྟ་ཞིབ་ཀྱིས། རྒྱུ་སྨད་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་ལ་སྐུལ་མ་ཆེན་པོ་ཐོབ་པ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་རྒྱུར། ཐེངས་འདི་གོ་སྐབས་དང་འགོ་རྩོམ་ས་གསར་པར་བཟུང་སྟེ། སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་དང་། གཟི་བརྗིད་གྲུབ་འབྲས་ལ་གཅེས་འཛིན། ཚད་གཞི་མཐོན་པོ་དང་རེ་བ་མཐོན་པོས་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། རྒྱུ་སྨད་གྲོང་རྡལ་དང་རྫོང་ཡོངས་ཀྱི་བརྟན་བརླིང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ཏེ། མངགས་གཏོང་ཁང་གི་བྱ་བའི་ལེའུ་གསར་པ་མུ་མཐུད་དུ་བྲི་རྒྱུ་ཡིན། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注